ཚངས་དཀར་ཚུལ་ཁྲིམས་དང་ལིན་ཏུང་ཧྲེང་ཁུལ་སྲིད་གྲོས་ཀྱི་ཀྲུའ་ཞི་གཞོན་པར་བདམས།
ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པར་གྲུབ་ནས་སྤྱི་ཟླ 2 པའི་ཚེས 11 ཉིན་གྱི་སྔ་དྲོར་ལྕགས་ཟམ་ཁ་ནས་གྲོལ་བ་རེད།
མཇུག་སྒྲིལ་ཚོགས་འདུ་མ་འཚོག་གོང་འདེམས་བསྐོའི་ཚོགས་ཆེན་འཚོགས་ནས་ཝང་ཡུས་ཆུང་སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཀྲུའུ་ཞི་ལ་བདམས་པ་དང་། ཚངས་དཀར་ཚུལ་ཁྲིམས་དང་ལིན་ཏུང་ཧྲེང་སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཀྲུའུ་ཞི་གཞོན་པར་བདམས་པ་རེད།
ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡུས་ཆུང་གིས་མཇུག་སྒྲིལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་། མཇུག་སྒྲིལ་ཚོགས་འདུའི་ལག་བསྟར་ཀྲུའུ་ཞི་ནི་ཝང་ཡུས་ཆུང་དང་ལིའུ་ཙུང་ཅན། རྡོ་རྗེ་བཀྲ་ཤིས། སྐུ་བཅར་ཡོན་ཏན་རྒྱ་མཚོ། ནན་ཧུང་། ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན། ཚེ་རིང་དབང་མོ། འཆི་མེད། ཚངས་དཀར་ཚུལ་ཁྲིམས། ལིན་ཏུང་ཧྲེན། ཞེ་ཏ་ཆོན་བཅས་ཡིན།
ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་བཅས་གདན་ཞུས་ལྟར་ཚོགས་འདུར་ཞུགས་པ་དང་འབྲེལ་ཀྲུའུ་ཞིའི་སྟེགས་བུར་བཞུགས།
མཇུག་སྒྲིལ་ཚོགས་འདུར་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པའི་ཆབ་སྲིད་གྲོས་ཆོད་དང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སེང་སྐོར་གྱི་གྲོས་ཆོད། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་གཞི་ལས་དོན་གནས་ཚུལ་སྐོར་གྱི་གྲོས་ཆོད། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་གཞི་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་སེང་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
ཝང་ཡུས་ཆུང་གིས་བསྟན་དོན། ཚང་མས་མཉམ་དུ་འབད་བརྩོན་བྱས་པར་བརྒྱུད་ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པ་ནི་སྤྲོ་སེམས་ཆེན་པོ་དང་དངོས་སྒྲུབ་ནུས་ཆེ། སྤྱོད་ཚུལ་གཙང་བ་དང་རྣམ་འགྱུར་དྲང་བདེན་བཅས་ཀྱི་ཚོགས་འདུ་ཞིག་ཡིན་ལ། དར་ཆ་མཐོར་སྒྲེང་དང་མཐུན་སྒྲིལ་སྐུལ་ལྕག། སེམས་ཤུགས་གཅིག་སྒྲིལ་བཅས་ཀྱི་ཚོགས་ཆེན་ཞིག་ཡིན། སྙིང་སྟོབས་ཆེར་སྐྱེད་དང་ཡིད་ཆེས་བརྟན་པོ། མུ་མཐུད་འབད་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་ཀྱང་རེད། ཚོགས་འདུ་འཚོག་རིང་ཨུ་ཡོན་ཚོས་སེམས་ཤུགས་ཆེན་པོས་འགན་སྒྲུབ་སྤྱོད་བཟང་གི་ཐོག་ནས་སྙན་སེང་དང་ཡིག་ཆར་གྲོས་ཞིབ་དང་གྲོས་བསྡུར་ནན་ཏན་བྱས། ཁུལ་ཡོངས་ཀྱི་སྤྱིའི་ལས་དོན་ལ་དམིགས་ནས་སྲིད་ཞུགས་སྲིད་གྲོས་དང་གྲོས་གཞི་ཐབས་འདོན། ཐུན་མོང་ངོས་འཛིན་གཅིག་གྱུར་བཅས་བྱས་ཏེ། ཐོན་ལས་འཕེལ་རྒྱས་དང་རྨང་གཞིའི་སྒྲིག་བཀོད། དམངས་འཚོ་ལེགས་གཏོང་། རིག་གནས་ཡུལ་སྐོར་མཉམ་འདྲེས། ཡུལ་སྡེ་དར་རྒྱས་སོགས་ཀྱི་ཐད་དང་འབྲེལ་བ་ཡོད་པའི་གྲོས་གཞི་ཁྱོན238བཏོན། བསྡོམས་པས་གྲོས་གཞི252འབྱོར་བས་མི་དམངས་སྲིད་གྲོས་ལམ་ལུགས་དང་ཆབ་སྲིད་གྲོས་མོལ་བྱ་གཞག་གི་གསོན་ཤུགས་དང་ཨུ་ཡོན་ཚོས་ལས་འགན་གཙོ་བོར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་ཁུར་བ་དང་སྲིད་ཞུགས་སྤྲོ་སེམས་གང་ལེགས་མངོན་ཡོད།
ཝང་ཡུས་ཆུང་གིས་བསྟན་དོན། ཁུལ་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་རིམ་ཁག་དང་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་རྣམ་པས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ། ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་བཅས་ཀྱི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ནས། “བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་བརྒལ”གྱི་ལོ་རྒྱུས་ལས་འགན་ལ་དམིགས་ནས། དམ་ཟབ་དང་མགྱོགས་མྱུར་གྱི་འབད་བརྩོན་རྣམ་འགྱུར་མཐའ་འཁྱོངས། མྱུར་སྒྲུབ་ལ་བརྩི་མཐོང་དང་དངོས་སྒྲུབ་ལ་ཧུར་བརྩོན། དཀའ་སྒྲུབ་ལ་མི་སྐྲག་པ། ཐབས་སྒྲུབ་ལ་མཁས་པ་བཅས་མཐའ་འཁྱོངས་དགོས། “དམིགས་བྱ་གསུམ་དང་བརྩོན་ལེན་གསུམ”གྱི་བྱེད་སྒོ་ལ་བརྟེན་ནས་སྲིད་གྲོས་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏང་དགོས། གཅིག་ནས“དཔལ་འབྱོར་ཞིང་ཆེན་ཆེན་པོས་སྣེ་ཁྲིད་པའི”གྲོས་འགོ་ལ་དམིགས་ནས། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཕུལ་བྱུང་་བརྩོན་ལེན་བྱས་ཏེ། གྲོས་གཞི་ཕུལ་བྱུང་དེ་བས་མང་བ་ཀྲུང་དབྱང་དང་ཞིང་ཆེན་གྱི་གཙོ་གནད་ནང་བཙུད་དགོས།( པར་ངོས་གཉིས་པར་གཟིགས།)
