国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པ་གྲོལ།

ཀྲའོ་པོ་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་།ཧྥུང་ཧྥ་ཀུའེ། ཧྲུའུ་ཏ་ཁྲུན། ཝང་ཡུས་ཆུང་། ཀའོ་ཀྲན་ཚོགས་འདུར་ཞུགས།

4022_01B_20260212 སྤྱི་ཟླ2པའི་ཚེས11ཉིན་གྱི་ཕྱི་དྲོར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པ་ལྕགས་ཟམ་རྫོང་དུ་གྲོལ།

ཝང་ཝེ་ལེང་ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་བདམས།སྐལ་བཟང་གཡུང་དྲུང་དང་དབྱང་ཧུའེ་ཆིང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པར་བདམས།

སྤྱི་ཟླ2པའི་ཚེས11ཉིན་གྱི་ཕྱི་དྲོར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པར་གྲུབ་ནས་ལྕགས་ཟམ་ཁ་ནས་གྲོལ་བ་རེད། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་།

ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་།

ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པར་འབྱོར་དགོས་པའི་འཐུས་མི273ཡིན་པ་དང་། འཐུས་མི251དངོས་སུ་འབྱོར་ཡོད་པས་ཁྲིམས་འབེབས་མི་གྲངས་དང་མཐུན་པ་རེད།

ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཀྲའོ་པོ་དང་ཧྲུའུ་ཏ་ཁྲུན། ཝང་ཡུས་ཆུང་། ཀའོ་ཀྲན། ཝང་ཞིང་ཆོན། སྐལ་བཟང་གཡུང་དྲུང་། ཕུའུ་ཡུང་ཧྥུང་། རིན་ཆེན། ཝང་ཆང་། ཞའོ་ཀྲི་ཧུང་། རྡོ་རྗེ་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡུས་ཆུང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀའོ་ཀྲན་བཅས་མཇུག་སྒྲིལ་ཚོགས་འདུར་ཞུགས་པ་དང་འབྲེལ་ཀྲུའུ་ཞིའི་སྟེགས་བུར་བཞུགས།

ཐེངས་འདིའི་ཚོགས་ཆེན་གྱི་འདེམས་བསྐོ་བྱེད་ཐབས་ཀྱི་གཏན་འབེབས་ལྟར། སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པའི་ལྟ་སྐུལ་འོག། ཚོགས་ཆེན་ཐོག་མིང་མི་བཀོད་པའི་འདེམས་ཤོག་འཕེན་སྟངས་སྤྱད་དེ། ཧྥུང་ཝེ་ལེང་ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་། སྐལ་བཟང་གཡུང་དྲུང་དང་དབྱང་ཧུའེ་ཆིང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པར་བདམས་པ་དང་། ཁྲེན་ཀྲི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོར་བདམས། ཀུའུ་པོ་དབྱང་དང་དགའ་སྐྱིད་ལྷ་མོ། ལི་པའེ་ཧྲུའུ། ཀྲང་པིང་། ཅན་གོ། ཙེང་ཟླ་བ་བཅས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས།

ཚོགས་འདུར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གྱི་མིང་ཐོར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

ཚོགས་འདུར《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་འོས་འགན་སློབ་གསོའི་སྲོལ་ཡིག(དག་བཅོས)》དང《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱིས<དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི《སི་ཁྲོན་ཞིང་ཆེན་ཡུལ་སྐོར་སྲོལ་ཡིག》ལག་བསྟར་བྱེད་པའི་བབ་བསྟུན་གཏན་འབེབས>བེད་མེད་བཟོ་རྒྱུའི་སྐོར་གྱི་ཆོད་དོན》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ལས་དོན་སྙན་སེང་སྐོར་གྱི་གྲོས་ཆོད་དང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་སྐོར་གྱི་གྲོས་ཆོད། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་ལེན་བསྟར་ཚུལ་དང2026ལོའི་འཆར་གཞིའི་གྲོས་ཆོད། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ2025ལོའི་སྔོན་རྩིས་ལག་ལེན་བསྟར་ཚུལ་དང2026ལོའི་སྔོན་རྩིས་སྐོར་གྱི་གྲོས་ཆོད། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ2025ལོའི་ཡུལ་སྡེ་དར་རྒྱས་ལས་དོན་སྙན་སེང་སྐོར་གྱི་གྲོས་ཆོད། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སེང་སྐོར་གྱི་གྲོས་ཆོད། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སེང་སྐོར་གྱི་གྲོས་ཆོད། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སེང་སྐོར་གྱི་གྲོས་ཆོད་བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

ཚོགས་འདུར་རྩ་ཁྲིམས་དམ་འཇོག་མཛད་སྒོ་སྤེལ་བ་དང་། གསར་དུ་བདམས་ཐོན་བྱུང་བའི་ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་། ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་། དྲུང་ཆེན། ཨུ་ཡོན། གྲོས་འཆམ་བྱུང་བའི་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་ཀྱི་ཞིང་ལས་དང་ཞིང་སྡེ་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་བཅས་ཀྱིས་ཚོགས་ཞུགས་འཐུས་མིའི་མཉམ་དུ་བདེན་དཔང་འོག་རྩ་ཁྲིམས་དམ་བཅའ་བཞག་པ་རེད།

( པར་ངོས་གཉིས་པར་གཟིགས།)