( པར་ངོས་བཞི་པར་མཐུད།)གཉིས་ནས་ཁུལ་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”དང“རྨང་གཞིའི་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་འདུ་འགོད14”ལ་དམིགས་ནས་ཇུས་འབུལ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་མིག་དཔེ་བརྩོན་ལེན་བྱས་ཏེ། ལོ་འགོ་ནས་གཅིག་གྱུར་འཆར་འགོད་བྱས་ཏེ་ལོ་མཇུག་ལ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་རིན་ཐང་ལྡན་པའི་དཀར་མཛེས་ཁུལ་གྱི་སྤུས་ལེགས་གྲོས་གཞི་མཛོད་མཁོ་འདོན་ལ་འགན་ལེན་བྱ་དགོས། གསུམ་ནས“ཁྱད་ཆོས་རང་བཞིན་གྱི་འགན་སྒྲུབ་ལས་དོན”ལ་དམིགས་ཏེ་རྗེས་སྙེག་མཆོང་བརྒལ་གྱི་མིག་དཔེ་བརྩོན་ལེན་བྱས་ཏེ། “དཀར་མཛེས་གསར་པར་ཧུར་དུ་བསྐྱོད། ཨུ་ཡོན་རྣམས་ཀྱིས་བྱ་སྤྱོད་སྤེལ”བའི་བྱེད་སྒོ་ཧུར་ཐག་སྤེལ་ནས་ཨུ་ཡོན་དེ་བས་མང་བས་ལས་ཆོད་ཆེ་བའི་སྒོ་ནས་ལས་འགན་སྒྲུབ་པར་སྐུལ་འདེད་གཏང་དགོས།
ཝང་ཡུས་ཆུང་གིས་བསྟན་དོན། ཁུལ་ཡོངས་ཀྱི་སྲིད་གྲོས་རིམ་ཁག་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་བློ་མཐུན་ཞི་ཅིང་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་དང་། ཀྲུང་གུང་དཀར་མཛེས་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དེང་རབས་ཅན་གྱི་དཀར་མཛེས་ཁུལ་འཛུགས་སྐྲུན་མགྱོགས་སུ་གཏང་བའི་མདུན་སྐྱོད་ལམ་བུའི་འཐབ་ཕྱོགས་དང་པོར་བསྐྱོད་པ་དང་། མདུན་ཕྱོགས་སུ་འགན་འཁྲི་སྒྲུབ་པ་དང་རིགས་ཁོངས་ཁག་གི་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱས་ཏེ། མང་ཚོགས་ཀྱི་འཚོ་བའི་དགོས་མཁོར་དམིགས་ནས་སྤུས་ཚད་མཐོན་པོའི་གྲོས་གཞི་འདོན་དགོས། དངོས་སྒྲུབ་ནུས་ལྡན་གྱི་འགན་སྒྲུབ་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་སྤུས་ཚད་མཐོ་བའི་ཐབས་ཇུས་བཏོན་ནས་མི་དམངས་མང་ཚོགས་ལ་སྲིད་གྲོས་དང་ཐག་ཉེ་བ་དང་ཨུ་ཡོན་ཉེ་འགྲམ་དུ་ཡོད་པའི་ཚོར་བ་སྟེར་དགོས། ཁུལ་ཨུ་དང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཁུལ་སྲིད་གཞུང་། ཁུལ་ཁྲིམས་ཁང་། ཁུལ་ཞིབ་དཔྱོད་ཁང་གི་མགོ་ཁྲིད་བློ་མཐུན། ཁུལ་དུ་བཅའ་སྡོད་བྱེད་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཁག་ཅིག། སི་ཁྲོན་མི་རིགས་སློབ་གླིང་དང་དཀར་མཛེས་ལས་རིགས་སློབ་གླིང་གི་འགན་ཁུར་བློ་མཐུན་གཙོ་བོ་དང་ཁུལ་དུ་ཡོད་པའི་ཁུལ་སྲིད་གྲོས་ཀྱི་བློ་མཐུན་རྒན་རབ་ཁ་ཤས་གདན་ཞུས་ལྟར་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཀྲུའུ་ཞིའི་སྟེགས་བུར་བཞུགས་ཡོད། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན་དང་། ཞིང་ཆེན་ཁོངས་གཏོགས་ཀྱི་སྲིད་འཛིན་ཁེ་ལས་དང་དོན་ལས་སྡེ་ཚན་གྱི་འགན་ཁུར་བློ་མཐུན། ཁུལ་ཁོངས་གཏོགས་ཀྱི་ཁེ་ལས་དང་དོན་ལས་སྡེ་ཚན་གྱི་འགན་ཁུར་བློ་མཐུན་བཅས་གདན་ཞུས་ལྟར་མཇུག་སྒྲིལ་ཚོགས་ཆེན་ལ་ཟུར་ཞུགས་གནང་བ་རེད།། ( ཡེ་ཤེས་དང་རྒྱ་མཚོ། རྟ་མགྲིན་བཅས་ཀྱིས་བྲིས། )
