国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲའོ་པོ་ཡིས་ལི་ཐང་དང་འདབ་པ། ཉག་རོང་། ཕྱག་ཕྲེང་། སྡེ་རོང་། འབའ་ཐང་། དཔལ་ཡུལ་བཅས་རྫོང་དུ་བརྟག་ཞིབ་གནང་སྐབས།

དངོས་ཐོག་དོན་གཉེར་གྱིས་འཕེལ་རྒྱས་གཉེར་བ་དང་འགན་འཁྲི་ཁུར་ཞིང་གྲུབ་འབྲས་དངོས་ལ་བརྩོན་ནས་ཀྲུང་གོའི་ལུགས་དེང་རབས་ཅན་

4525_01B_20260309སྤྱི་ཟླ3པའི་ཚེས6ཉིན་ཀྲའོ་པོ་ཡིས་ལི་ཐང་གཟིམས་ཁང་གནའ་གྲོང་ཁྲོམ་གཞུང་དུ་རིག་གནས་གསར་འཆར་ཐོན་རྫས་དང་གནས་ཚང་སྤུས་ལེགས་གཉེར་ཚུལ་ལ་རྒྱུས་ལོན་གནང་བཞིན་པ།

སྤྱི་ཟླ3པའི་ཚེས5ནས་ཚེས6ཉིན་བར་ཀྲའོ་པོ་ལི་ཐང་དང་འདབ་པ། ཉག་རོང་བཅས་རྫོང་དུ་ཕེབས་ནས་བརྟག་ཞིབ་གནང་བ་རེད། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་བཀོད་སྒྲིག་དང་ཁུལ་ཨུའི་ཉེ་དུས་ལས་དོན་བཀོད་སྒྲིག། འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་བདེ་འཇགས་ཆུ་ཚད་མཐོན་པོ། བཅོས་སྐྱོང་ཕན་ནུས་ཆེ་བའི་བཅས་ལ་སྤྱི་འདོམས་ཀྱིས་སྐུལ་བ་དང་། འགན་འཁྲི་བརྟན་པོ་འཁུར་ཕོད་པ་དང་གོ་སྐབས་དམ་འཛིན་གྱིས་འཕེལ་རྒྱས་དོན་དུ་གཉེར་ནས། བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། དམངས་འཚོ་བཅས་ཀྱི་ལས་དོན་ཁག་ཁག་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ནས་ཀྲུང་གོའི་ལུགས་དེང་རབས་ཅན་དཀར་མཛེས་ཁུལ་གྱི་ལག་ལེན་འབྲས་བཟང་གཏོད་དགོས་་ཞེས་ནན་གསུང་གནང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་བརྟག་ཞིབ་ནང་ཞུགས་ཡོད།

( པར་ངོསབཞི་པར་གཟིགས།)