国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ནས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྦྱངས་དང་རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་ བྱ་ཐབས་ཞིབ་འཇུག་བྱས།

སྤྱི་ཟླ3པའི་ཚེས2ཉིན། ཁུལ་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་བཞི་པར་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་སྙིང་དོན་བརྒྱུད་སྦྱངས་བྱས་ཏེ། ལག་བསྟར་དོན་འཁྱོལ་བྱ་ཐབས་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་བཞི་པར་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ནས། དཀར་མཛེས་ཁུལ་ཐོན་ཁུངས་ཀྱི་རང་སྤུས་དང་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་འཇུག་སྒོ་དང་ཤུགས་རྒྱག་ས་གནད་ལ་འཁེལ་བ་བཙལ་ནས་དངོས་སྒྲུབ་ཀྱི་བྱ་ཐབས་ལ་བརྟེན་ནས་འབྱུང་འགྱུར་གྱི་ཐོན་ལས་འཕེལ་རྒྱས་ལ་བསྐུལ་དགོས། དཀར་མཛེས་ཁུལ་གྱི་དངོས་ཡོད་ཁྱད་ཡོན་ལ་གཞི་ཚུགས་པ་དང་བསྡུར་གཞི་ཡོད་པའི་ལེགས་ཆ་བཏོན་ཏེ་འབྱུང་འགྱུར་ཐོན་ལས་འཕེལ་ཕྱོགས་གཏོང་འཛིན་ཡང་དག་དང་། ཆེ་རྔམ་ཀུན་འགྲིག་དང་རྗེས་ལད་གང་བྱུང་མི་བྱེད་ཅིང་། སྔོན་ལ་བཀོད་སྒྲིག་ཇུས་འགོད་དང་། ངེས་ཤུགས་དང་བསྲན་ཤུགས་རྒྱུན་འཁྱོངས་ཏེ་འགྲན་ལམ་གསར་པ་བཙལ་དགོས། དཀར་མཛེས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་དགོས་མཁོ་དངོས་ལ་དམ་པོར་དམིགས་ནས་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲོལ་རྒྱུན་ཐོན་ལས་གསར་གཏོད་རིམ་སྤོར་དང་གསར་དར་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་ཡོང་བ། འབྱུང་འགྱུར་ཐོན་ལས་ཚན་རིག་དང་མཐུན་པ་བཅས་ལ་སྤྱི་འདོམས་བྱས་ཏེ། དཀར་མཛེས་ཁུལ་གྱི་ཁྱད་ལྡན་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་དགོས་ཞེས་བསྟན་པ་རེད།

ཚོགས་འདུར་བསྟན་དོན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་མགྱོགས་མྱུར་ངང་ལས་དོན་སྒྲུབ་པ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་ཉམས་འགྱུར་ཐོག་ལས་དོན་ཁག་ལ་བསྐུལ་ནས་དུས་ཚིགས་དང་པོར་འགོ་ཡག་པོ་བཙུགས་པ་དང་འབྲས་བཟང་ཐོན་པར་འགན་ལེན་བྱ་དགོས། རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་ལས་དོན་རྒྱུན་མཐུད་ངང་ཡག་པོ་བསྒྲུབ་དགོས་པ་དང་། དཔྱིད་གསར་དུས་ཆེན་རིང་དཀར་མཛེས་ཁུལ་གྱི་ཡུལ་སྐོར་དང་ཞབས་ཞུ་སྤུས་ལེགས་ལས་བྱུང་བའི་དྲང་ཕྱོགས་ཀྱི་ཤུགས་རྐྱེན་བཟང་པོ་བེད་སྤྱོད་ཡག་པོ་བྱས་ཏེ་རིག་གནས་ཡུལ་སྐོར་གྱི་ལས་རྣམ་དང་ཐོན་རྫས་མཁོ་སྤྲོད་རྒྱུན་མཐུད་ངང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཞིབ་ཕྲ་ས་ལ་དམིགས་ནས་ཡུལ་སྐོར་བའི་མྱོང་རོལ་ཚོར་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས། ལས་གཞི་གལ་ཆེན་འགོ་ཁྲིད་ཀྱིས་འགན་གཙང་ལེན་པའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་ཁེ་ལས་ཀྱིས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་མགྱོགས་སུ་གཏོང་བར་རོགས་རམ་དང་མཛུབ་ཁྲིད་བྱེད་པ་དང་། གྲུབ་རྐྱེན་གཙོ་བོ་ཁག་གི་འགན་ལེན་ལ་ཤུགས་བརྒྱབ་ནས་གཙོ་གནད་ལས་གཞི་འཛུགས་སྐྲུན་ལ་ཤུགས་ཡོད་རྒུས་བསྐུལ་ནས་དངོས་འབོར་དེ་བས་མང་བ་ཆགས་པ་བྱ་དགོས། འབྲུ་རིགས་ཐོན་འབབ་བརྟན་པོ་དང་མཁོ་སྤྲོད་འགན་ལེན་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་ཞིང་ལས་རྒྱུ་ཆ་འགན་ལེན་དང་ལག་རྩལ་མཛུབ་ཁྲིད་སོགས་ཀྱི་ཞབས་ཞུ་ཁག་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་དཔྱིད་རྨོད་རྨོད་གྲབས་ཀྱི་གྲ་སྒྲིག་ལས་དོན་ཁག་དོན་འཁྱོལ་ཞིབ་ཚགས་བྱ་དགོས། ཤུགས་ཡོད་རྒུས་ཉེན་མེད་ཀྱི་མཐིལ་ཚད་བརྟན་པོ་སྲུང་བ་དང་ཁེ་ལས་ལ་ལས་འགོ་མ་ཚུགས་གོང་སྒྲིག་བཀོད་དང་སྒྲིག་ཆས་སྣ་ཚོགས་ལ་ཞིབ་བཤེར་དང་སྲུང་སྐྱོང་ནན་ཏན་བྱ་རྒྱུར་བསྐུལ་ནས། ཐོན་སྐྱེད་ཀྱི་མྱུར་ཚད་བཀོད་སྒྲིག་ལུགས་མཐུན་བྱས་ཏེ་ལས་འགོ་བཙུགས་པ་དང་ཐེག་ཚད་ལས་བརྒལ་ནས་ཐོན་སྐྱེད་བྱེད་པའི་གནས་ཚུལ་གཏན་འགོག་མཐའ་གཅིག་ཏུ་བྱ་དགོས། ནགས་རྩྭ་མེ་ཟོན་ལས་དོན་ཁག་ལ་རྒྱུན་མཐུད་ངང་དམ་འཛིན་ཡག་པོ་བྱས་ཏེ་གྲ་སྒྲིག་ཨང་གསར་དང་འགོག་སྲུང་ནན་པོ་བྱས་ནས་ནགས་རྩྭ་མེ་ཟོན་མེ་གསོད་ལས་ཀའི་མཐིལ་ཚད་མཐའ་གཅིག་ཏུ་བསྲུང་དགོས།།

( བདེ་སྐྱིད་ཀྱིས་བསྒྱུར།)