国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཚན་ཁག་གི2026ལོའི(རྒྱས་འཛོམས)གྲོས་ཚོགས་ཐེངས་ལྔ་པ་འཚོགས།

ཉེ་ཆར། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཚན་ཁག་གི2026ལོའི(རྒྱས་འཛོམས)གྲོས་ཚོགས་ཐེངས་ལྔ་པ་འཚོགས་ཤིང་། སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་པ་ལག་ལེན་མཐར་ཕྱིན་བསྟར་བ་དང་།ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ།ཁུལ་ཨུ་བཅས་ཀྱི་ཏང་སྐྱོང་འགོ་ཁྲིད་ཚོ་ཆུང་གི་ལས་དོན་གྲོས་ཚོགས་དང་ཁུལ་ཡོངས་ཀྱི་མྱུར་སྒྲུབ་ལ་བརྩི་མཐོང་དང་།དངོས་སྒྲུབ་ལ་ཧུར་བརྩོན།དཀའ་སྒྲུབ་ལ་མི་སྐྲག་པ། ཐབས་སྒྲུབ་ལ་མཁས་པའི་གཙོ་དོན་ལག་ལེན་བྱེད་སྒོའི་བཀོད་སྒྲིག་ཚོགས་འདུའི་སྙིང་དོན་བརྒྱུད་སྦྱངས་བྱས་ནས། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ཀྱིས་སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་དང་ལས་བྱེད་པ་བཞིའི་གཙོ་དོན་ལག་ལེན་བྱེད་སྒོ་སྤེལ་བར་བཀོད་སྒྲིག་བྱས་པ་རེད། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཚན་ཁག་གི་ཧྲུའུ་ཅི། ཀྲུའུ་རེན་ཧྲུའུ་ཏ་ཁྲུན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་བ་རེད།།

( བདེ་སྐྱིད་ཀྱིས་བསྒྱུར།)