国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལེ་ཧྥེང་ལ་སློབ་སྦྱོང་དང་ཤེས་དཔལ་ལག་ལེན་ང་ཡིས་བྱ་སྤྱོད་སྤེལ།

སྤྱི་ཟླ་གསུམ་པའི་དཀར་མཛེས་ཁུལ་གྱི་ས་གཞི་ཆེན་པོར་གྲང་ངར་ཅུང་ལྡན་ཡང་གང་སར་ཤེས་དཔལ་གྱི་དྲོད་རྒྱུན་འཕྱུར་བཞིན་ཡོད། ད་ལོར《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཤེས་དཔལ་བྱ་སྤྱོད་སྐུལ་སྤེལ་སྲོལ་ཡིག》ཁྱབ་བསྒྲགས་ལག་ལེན་བསྟར་ནས་ལོ་གཉིས་འཁོར་བ་དང་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་དྲན་གསོའི་ཉིན་མོ་ཐེངས63པ་སླེབས། ཉིན་ཤས་བསྟུད་མར་ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)ཁག་གིས“ལེ་ཧྥེང་ལ་སློབ་སྦྱོང་བྱེད་པ་དང་ཤེས་དཔལ་ལག་ལེན་ང་ཡིས་བྱ་སྤྱོད་སྤེལ”གྱི་གཙོ་དོན་བྱས་ཏེ་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ།