国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལོ་སར་ཁ་གཡང་ འདོད་འབྱུང་མ།

ཚེ་རིང་རྣམ་དྲུག་ཐབས་ཤེས་རང་

བཞིན་ཕྱག་ཟུང་གིས།།

ཕུན་ཚོགས་སྡེ་བཞི་དགའ་སྐྱིད་དུས་ཀྱི་

ལེགས་སྐྱེས་གང་།།

ཤར་རི་བུ་མོའི་ཕྲག་གོང་རྟ་བདུན་འཆར་བ་ན།།

བདག་ཅག་འཁོར་བཅས་ལག་མཐིལ་གཡང་

གིས་ཁེངས་པར་སྨོན།།

མཁྱེན་པའི་རྩེར་སོན་སྨྲ་བའི་དབང་གིས་རྗེས་

སུ་བཟུང་།།

བརྩེ་བའི་ཐུགས་སྨིན་བདག་གཞན་

བསོད་ནམས་བསགས་ལ་མཁས།།

ནུས་པའི་རྩལ་རྫོགས་གསང་བདག་དཔའ་

བོའི་མཐུ་སྟོབས་རྒྱས།།

ལོངས་སྤྱོད་ཆར་འབེབས་གནོད་སྦྱིན་

ནོར་ལྷས་འབྲལ་མེད་བསྲུང་།།

གངས་རི་དཀར་པོའི་ཕ་ས་གསེར་གྱི་

པ་ཏྲའི་རང་མདངས་མི་ཞིག་སྲིད་པའི་

མཛེས་རྒྱན་ལ།།

རྟེན་འབྱུང་སྣང་དང་སྣང་མིན་ཆ་

འཛོམས་རོང་འབྲོག་འཚོ་བའི་ཕུགས་ཐག་

གངས་ཀྱི་གཙང་ཆབ་རྒྱུན།།

སྲིད་པ་གནའ་ནས་ད་ལ་མ་ཐུག་བཙན་ཕྱུག་

འཕེལ་གསུམ་ཉི་ཟླའི་ཟིལ་དང་འབྲལ་མེད་འདི།།

སྟོངས་ཆེན་མཁའ་ལ་འབྱུང་བཞི་མ་འགྲིབ་ཇི་སྲིད་

མི་འགྱུར་གཡུང་དྲུང་གཟུགས་སུ་བརྟན་གྱུར་ཅིག།

བཀྲ་ཤིས་རླུང་རྟ་སྙན་པའི་བ་དན་མགྱོགས་

འགྲོའི་གོང་།།

ཐོགས་མེད་ཡོན་ཏན་ལྗོངས་འདིའི་སྣོད་

བཅུད་གཙུག་ལག་ནོར།།

མི་ངལ་བཏེགས་ལ་བརྩོན་འགྲུས་བློ་སྟོབས་

དགྲ་ལྷའི་ཚུལ།།

མི་མཐུན་ལེགས་བཟློག་འཛམ་གླིང་ཡོངས་ལ་

ཁྱབ་པར་ཤོག།

༼ ལྡོང་རོང་བསོད་ཐར། ༽