国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






2026ལོའི་རྒྱལ་ཡོངས་ཀྱི་བུད་མེད་འབད་འཐབ་པ་ཆེས་བཟང་པོའི་སྔོན་ཐོན་བྱས་རྗེས་མཉམ་དུ་བསྒྲགས།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ3པའི་ཚེས8ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བུད་མེད་དང་བྱིས་པའི་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་བསྟར་ཏེ། སྤྱི་ཚོགས་ཡོངས་སུ་བུད་མེད་ལ་བརྩི་འཇོག་དང་བུད་མེད་ལ་རྒྱབ་སྐྱོར་བྱེད་པའི་རྣམ་པ་ཟབ་མོ་ཞིག་གཏོད་པ་དང་། རྒྱ་ཆེ་བའི་བུད་མེད་རྣམས་རྒྱང་སྐྱོད་གསར་པར་སྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པར་སྐུལ་མ་གཏོང་ཆེད། གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་ཚོགས་ཡོངས་ལ2026ལོའི་བུད་མེད་འབད་འཐབ་པ་ཆེས་བཟང་པོའི་སྔོན་ཐོན་བྱས་རྗེས་བསྒྲགས་པ་རེད།

ལན་ཀྲེན་དང་ཀྲུའུ་པེ་ཝུའེ། ཀྲུའུ་ཞུའེ་ལན། ཀྲང་ཡུས་ཧྭ། ཀྲང་ཏུང་ཞང་། ཧོ་ཧུང་མེ།ཧན་ལི། ཧོ་ཅའོ་ལུང་།(འདས་ཟིན) ཁྲེན་ཡུས་ཝུན། རེན་ཕིང་ཕིང་བཅས་བློ་མཐུན10གཟི་བརྗིད་ངང་བདམས་ཐོན་བྱུང་བ་རེད། ཁོང་ཚོའི་ཁྲོད་གདོང་ལེན་བྱེད་ཕོད་པ་དང་ཚོད་ལྟ་བྱེད་ཕོད་པའི་ཚན་ཞིབ་ཕུགས་འདུན་དོན་གཉེར་བྱེད་མཁན་ཡོད་པ་དང་། མཁའ་དབྱིངས་འཚོལ་ཞིབ་དང་རྒྱ་མཚོ་གསར་སྤེལ། མིས་བཟོས་རིག་ནུས་བེད་སྤྱོད་སོགས་མངའ་ཁོངས་ལ་བློ་རྩེ་གཅིག་སྒྲིམ་གྱི་བརྩོན་ཞིབ་བྱེད་མཁན་ཡོད་ཅིང་། འཐབ་ཕྱོགས་དང་པོར་གཞི་ཚུགས་པའི་གཞི་རིམ་གྱི་ལས་བྱེད་པ་བཟང་པོ་ཡོད་པ་དང་། བློ་རིག་དང་དཀའ་ཚེགས་ལ་བརྟེན་ནས་ཡུལ་མི་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཕྱུག་འབྱོར་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱེད་མཁན་ཡོད། བྱམས་བརྩེའི་ངང་དམངས་འཚོའི་རྒྱུན་གཏན་ལ་ཞབས་འདེགས་ཞུ་བའི་སྤྱི་ཕན་ལ་ལྷག་བསམ་ཆེ་བའི་སྤྱི་ཚོགས་དང་བླངས་པ་ཡོད། བརྩེ་བ་ཆེན་པོས་སློབ་བུ་སྐྱོང་བའི་དགེ་རྒན་ཡོད་ལ། བློ་རྩེ་གཅིག་ཏུ་བསྒྲིམས་ནས་གསར་འགྱུར་གལ་ཆེན་བཀོད་པའི་གསར་འགྱུར་ལས་སྒྲུབ་པ་སོགས་ཡོད། ཁོང་ཚོས་འབད་འཐབ་དང་བརྟན་སྲུང་གིས་འབྲས་བཟང་བརྩོན་ནས་བུད་མེད་ཀྱི་གནམ་ཕྱེད་འདེགས་ཐུབ་པའི་དུས་རབས་ཀྱི་ཉམས་འགྱུར་གཅིག་བསྡུས་ངང་མངོན་ཡོད།

བུད་མེད་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་སྐྱོད་གསར་པར་ང་ཚོའི་བུད་མེད་ཚང་མ་གཙོ་ཤུགས་ཡིན་ཞིང་མི་ཚེའི་ངོ་མཚར་དང་ཕུགས་འདུན་མངོན་དུ་འགྱུར་བའི་གོ་སྐབས་ཡོད་ཅིང་། བུད་མེད་འབད་འཐབ་པ་ཆེས་བཟང་པོ་ནི་སྤྱིར་བཏང་ཡིན་ལ་རླབས་ཆེན་ཡང་ཡིན། ཁོང་ཚོས་དྲོད་སྐྱིད་ལྡན་པའི་ཁྱིམ་ཚང་ཆུང་ཆུང་སྲུང་ཞིང་སྤྱི་ཚོགས་ལ་བྱས་རྗེས་ཀྱང་ཕུལ་ཡོད། ང་ཚོས་སྔོན་ཐོན་མིག་དཔེ་ལ་བརྟེན་ནས་དྲིན་དྲན་གྱི་འདུ་ཤེས་དེ་བྱ་སྤྱོད་དུ་བསྒྱུར་བ་དང་། རང་རྟོགས་ངང་ཀྲུང་ཧྭའི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་དང་ལས་གནས་ལ་གཞི་ཚུགས་ཤིང་། ལས་དོན་ཏན་ཏིག་སྒྲུབ་པ།གཤིས་འཇམ་དང་སྲ་ཚུགས། གཅེས་སེམས་དང་གཏོང་ཕོད་བཅས་ཀྱི་སྒོ་ནས་ཁྱིམ་ཚང་དང་སྤྱི་ཚོགས་ཁྲོད་དུས་རབས་གསར་པའི་བུད་མེད་ཀྱི་བློ་རིག་དང་འགན་འཁྲི་མངོན་པར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2026ལོའི་རྒྱལ་ཡོངས་ཀྱི་བུད་མེད་འབད་འཐབ་པ་ཆེས་བཟང་པོའི་ཡོངས་བསྒྲགས་མཛད་སྒོའི་ཆེད་དོན་ལེ་ཚན་ཉེ་དུས་བསྟན་རྒྱུ་ཡིན་པ་རེད།།

( བདེ་ཆེན་གྱིས་བསྒྱུར།)