国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲའོ་པོ་ཡིས་དར་མདོ་དང་ཉག་ཆུ། བརྒྱད་ཟིལ་བཅས་སུ་བརྟག་ཞིབ་གནང་སྐབས།

ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་བཏང་ནས་ཐོན་ཁུངས་ཀྱི་ཁྱད་ཡོན་དེ་འཕེལ་རྒྱས་ཀྱི་རྒྱལ་ཐོབ་སྟོབས་ཤུགས་སུ་བསྒྱུར་གང་ཐུབ་བྱ་དགོས་ཞེས་གསུངས།

སྤྱི་ཟླ3པའི་ཚེས8ནས10ཉིན་བར་ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་དར་མདོ་གྲོང་ཁྱེར་དང་། ཉག་ཆུ་རྫོང་། བརྒྱད་ཟིལ་བཅས་སུ་བརྟག་ཞིབ་གནང་བར་ཕེབས་པ་རེད། ཁོང་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་། ཞིང་ཨུའི་བོད་འབྲེལ་ལས་དོན་བཀོད་སྒྲིག། ཁུལ་ཨུའི་ལས་ཀའི་བླང་བྱ་བཅས་ལག་ལེན་མཐར་ཕྱིན་བསྟར་ནས་སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་བ། ཕན་ནུས་ཆེ་བའི་བཅོས་སྐྱོང་ལ་བརྟེན་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་ཆུ་ཚད་མཐོ་བའི་བདེ་འཇགས་མཉམ་འགུལ་ལ་སྐུལ་ཅིང་། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་གཏོང་བ་དང་། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་འགྲན་རྩོད་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཐོན་ཁུངས་ཀྱི་ཁྱད་ཡོན་དེ་འཕེལ་རྒྱས་ཀྱི་རྒྱལ་ཁ་ཐོབ་པའི་སྟོབས་ཤུགས་སུ་བསྒྱུར་གང་ཐུབ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

( པར་ངོས་བཞི་པར་གཟིགས།)