སྤྱི་ཟླ3པའི་ཚེས8དང9ཉིན། ཉག་རོང་རྫོང་དུ་ཉེ་དུས་ཀྱི་གཙོ་གནད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་མཁན་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཚན་ཁག་གི་ཧྲུའུ་ཅི། ཀྲུའུ་རེན་ཧྲུའུ་ཏ་ཁྲུན་རྫོང་དེའི་གསེར་འོད་གྲོང་རྡལ་ཚེ་སྐྱིད་གྲོང་སྡེ་དང་བང་སྨད་ཡུལ་ཤོག་རི་སྣེ་གྲོང་སྡེར་ཕེབས་ཤིང་། ད་ལྟ་འཚོག་བཞིན་པའི2026ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་འབྲེལ་ཡོད་ནང་དོན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ། སྐབས་བཅུ་བཞི་པའི་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་ལྔ་པ་བཅས་ཀྱི་སྙིང་དོན་དང་། ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་ཐེངས་བཅུ་པ། 2026ལོའི་རང་ཁུལ་ཚོགས་ཆེན་གཉིས་དང་ཁུལ་ཡོངས་ཀྱི“སྒྲུབ་པ་བཞིའི”གཙོ་དོན་ལག་ལེན་བྱེད་སྒོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་སྙིང་དོན་བཅས་ལ་སྒྲོག་འགྲེལ་གནང་བ་རེད། ཁོང་གིས་ཚང་མར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དྲན་དྲིན་ཡར་བརྩོན་བྱས་ཏེ་ཏང་ཀྲུང་དབྱང་དང་ཞིང་ཆེན། ཁུལ། རྫོང་ཨུའི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ནས་བསམ་བློར་བཅིངས་འགྲོལ་གཏོང་བའི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་། ནང་སྐྱེས་སྒུལ་ཤུགས་ཆེ་རུ་བཏང་ནས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་མྱུར་སྒྲུབ་དང་། དངོས་སྒྲུབ། དཀའ་སྒྲུབ། ཐབས་སྒྲུབ་བཅས་བྱས་ནས་ཉག་རོང་རྫོང་གི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་དཀར་མཛེས་ཁུལ་གྱི་མཐིལ་ས་ཡག་པོ་བསྐྲུན་ཆེད་སྟོབས་ཤུགས་དང་བྱས་རྗེས་འབུལ་དགོས་ཞེས་སྐུལ་ལྕག་གནང་བ་རེད།
ཧྲུའུ་ཏ་ཁྲུན་གྱིས་བླང་བྱ་བཏོན་དོན། ཉག་རོང་རྫོང་ཨུས་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་རྫོང་ཡོངས་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པར”བཀོད་སྒྲིག་དང་དོན་འཁྱོལ་ཡག་པོ་བྱས་ནས་ད་ལོའི་དུས་ཚིགས་དང་པོའི་ལས་དོན་ཁག་འགོ་ཡག་པོ་འཛུགས་ཐུབ་པར་འགན་ལེན་བྱ་དགོས་པ་དང་། གཙོ་གནད་ཐོན་ལས་སྟོབས་ཆེར་གཏོང་བ་དང་། རྨང་གཞིའི་འཛུགས་སྐྲུན་སྟོབས་ཆེར་གཏོང་བ། དམངས་འཚོར་ཕན་འདོགས་པ་བཅས་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་གཏང་དགོས་པ་དང་། འབྲེལ་གཏུག་རོགས་སྐྱོར་ཚན་པ་ཁག་དང་ལྷག་པར་དུ་གྲོང་སྡེར་བཅའ་སྡོད་ལས་བྱེད་པས་སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་ཏེ། མྱུར་སྒྲུབ་ལ་བརྩི་མཐོང་དང་། དངོས་སྒྲུབ་ལ་ཧུར་བརྩོན། དཀའ་སྒྲུབ་ལ་མི་སྐྲག་པ། ཐབས་སྒྲུབ་ལ་མཁས་པ་བཅས་བྱས་ཏེ་ཉག་རོང་རྫོང་གིས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་རྒྱབ་སྐྱོར་བྱ་དགོས། གྲོང་སྡེའི་ཏང་ཀྲི་པུའུ་དང་ཏང་མིས་དམག་འཐབ་མཁར་རྫོང་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། བསམ་བློ་དང་བྱ་སྤྱོད། འཕེལ་རྒྱས་བཅས་ཀྱི་ཐད་ཁ་ཕྱོགས་ཡང་དག་པ་སྲ་བརྟན་བཏང་ནས་དཔེ་སྟོན་མིག་དཔེ་ཡག་པོ་བྱ་དགོས།།
( བདེ་སྐྱིད་ཀྱིས་བསྒྱུར།)
