སྤྱི་ཟླ3པའི་ཚེས10ཉིན་ཁུལ་ཡོངས་ཀྱི་ཁྲལ་དོན་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་དཀར་མཛེས་ཁུལ་གྱི་ཁྲལ་གྲོན་ཡོང་འབབ་གྲངས་འབོར་དང་སྤུས་ཚད་གཉིས་ཀ་འཕར་ཞིང་། རིམ་རྩིས་བྱས་ན་ཁྲལ་གྲོན་ཡོང་འབབ་སྒོར་དུང་ཕྱུར610ལས་བརྒལ་བ་དང“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”དུས་ལས་སྒོར་དུང་ཕྱུར347.96འཕར་ཡོད། 2025ལོར་ཁྲལ་གྲོན་ཡོང་འབབ་སྒོར་དུང་ཕྱུར172ལས་བརྒལ་ཞིང་། ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར70ལས་བརྒལ་ནས་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་བཅུ་པར་སླེབས་ནས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནོར་ཤུགས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱས་ཡོད། 2026ལོར་དཀར་མཛེས་ཁྲལ་དོན་ཁོངས་གཏོགས་ཀྱིས“ཏང་འཛུགས་སྐྱོང་གིས་བླ་སྐྱོང་བ་དང་། བསྡུ་ལེན་དོ་དམ་གྱིས་སྤུས་ཚད་མཐོར་འདེགས། བཅོས་སྐྱོང་གིས་ཕན་འབྲས་སྤར་བ། ལས་བྱེད་པའི་ནུས་པ་མཐོར་འདེགས”བཅས་ཀྱི་འདུ་འགོད་ཆེན་པོ་བཞིར་དམིགས་ནས་ལས་དོན་ཁག་དྲུག་གཙོ་གནད་ཐོག་སྐུལ་འདེད་གཏང་རྒྱུ་སྟེ། གཅིག་ནི་ཆབ་སྲིད་ལས་ཁུངས་རྒྱུན་མཐུད་ངང་སྟོབས་ཆེར་གཏང་དགོས། གཉིས་ནི་ཁྲིམས་དང་སྒྲིག་སྲོལ་ལྟར་ཡོང་འབབ་སྡུད་པ་རྒྱུན་འཁྱོང་དགོས། གསུམ་ནི་ཁྲལ་བསྡུའི་ལམ་ལུགས་བསྒྱུར་བཅོས་དང་རིག་དཔྱད་འཛུགས་སྐྱོང་མཐར་ཕྱིན་པ་བྱ་དགོས། བཞི་ནི་ཁྱབ་ཁོངས་གཙོ་བོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས། ལྔ་ནི་ཁྲལ་གྲོན་ཞབས་འདེགས་མ་ལག་ལེགས་སུ་གཏང་དགོས། དྲུག་ནི་ལས་བྱེད་པ་གསོ་སྐྱོང་ནང་རྐྱེན་འཐུས་ཚང་དུ་གཏང་དགོས་པ་བཅས་སོ།།
( ལྷ་འཛོམས་ཀྱིས་བསྒྱུར།)
