རང་ཁུལ་གྱིས“མྱུར་སྒྲུབ་ལ་བརྩི་མཐོང་དང་།དངོས་སྒྲུབ་ལ་ཧུར་བརྩོན།དཀའ་སྒྲུབ་ལ་མི་སྐྲག།ཐབས་སྒྲུབ་ལ་མཁས་པའི”གཙོ་དོན་ལག་ལེན་བྱེད་སྒོའི་བླང་བྱ་ལག་ལེན་དོན་ལ་འཁྱོལ་ཏེ་ཁུལ་ཡོངས་ཀྱི་རིམ་ཁག་སྡེ་ཚན་གྱིས་ཁེ་ལས་ལ་དཀའ་ངལ་སེལ་བའི“ཞབས་ཞུ་བ”དང་། ཁོར་ཡུག་ལེགས་སུ་གཏོང་བའི“སྲུང་སྐྱེལ་བ”མཛའ་མཐུན་སྤྱོད་གཙང་ངང་འབྲེལ་འདྲིས་བྱེད་པའི“འབྲེལ་གཏུག་པ”བཅས་བྱས་ཡོད། སྤྱི་ཟླ3པའི་ཚེས10ཉིན་རང་ཁུལ་གྱིས་མཐོ་སྒང་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་བཏང་སྟེ་ལྷད་མེད་སྐྱེ་ལྡན་ཁུལ་འཛུགས་སྐྲུན་ལ་རོགས་རམ་བྱ་རྒྱུའི་གཙོ་དོན་ལ་དམིགས་ནས2026ལོའི་སྲིད་གཞུང་དང་ཁེ་ལས་བར་སེམས་མཐུན་དཀྲུགས་ཇའི་སྤྲོས་ཚོམས་བྱེད་སྒོ་དུས་ཐེངས་གསུམ་པ་སྤེལ། ངོ་ཐུག་གདོང་འཕྲད་དང་བརྙན་ལམ་སྦྲེལ་མཐུད་ཀྱི་བྱེད་སྟངས་ཐོག་ནས་ཁུལ་ནང་ཁུལ་གྱི་ཞིང་ལས་དང་འབྲེལ་བ་ཡོད་པའི་ཁེ་ལས35ཡི་འཐུས་མི་དང་སྤེལ་རེས་བྱས་ཏེ་སྲིད་ཇུས་ཐད་ཀར་སླེབས་པ་དང་། རེ་འདུན་མགྱོགས་མྱུར་སྒྲུབ་པ། དཀའ་གནད་སེལ་བ་བཅས་ལ་བསྐུལ་ནས་ཁུལ་ཡོངས་ཀྱི་མཐོ་སྒང་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ནུས་པ་བཏོན་ཡོད།
དར་མདོའི་ལེན་དབྱི་མཐོ་སྒང་བཟའ་བཅའ་ཚད་ཡོད་སྤྱི་གཉེར་ཁང་དང་། དཀར་མཛེས་ཁུལ་སྟག་མ་མེ་ཏོག་ཞིང་ལས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་། བྲག་མགོ་སྨི་ཆི་ཆི་བཟའ་བཅའ་ཚད་ཡོད་སྤྱི་གཉེར་ཁང་། ཕྱག་ཕྲེང་རྫོང་པའེ་ཅ་ཞིང་ལས་ཞབས་ཞུ་ཚད་ཡོད་སྤྱི་གཉེར་ཁང་། གསེར་རྟ་རྫོང་ཡུན་ཏན་འབྲོག་ལས་ཚད་ཡོད་སྤྱི་གཉེར་ཁང་། དཀར་མཛེས་ཁུལ་ཞིང་ལས་དམིགས་བསལ་ཐོན་ལས་ཚོང་ཚོགས་སོགས་ཁེ་ལས15ཡི་འཐུས་མིས་སྲིད་གཞུང་གིས་འབྲི་འོ་ཐོན་ལས་ལ་དམིགས་ནས་འབྲེལ་ཡོད་སྲིད་ཇུས་བཏོན་ནས་འོ་མའི་རིན་གོང་དང་། སྐྱེལ་འདྲེན། སྤུས་རྟགས་གཏོད་པའི་ཐད་རྒྱབ་སྐྱོར་བྱ་རྒྱུ་དང་། ས་གནས་དེ་གའི་ཁེ་ལས་ཀྱིས་ཐོན་སྐྱེད་བྱས་པའི་ཞིང་ལས་ཐོན་རྫས་སྲིད་གཞུང་གིས་སྔོན་ལ་ཉོ་སྒྲུབ་བྱེད་པའི་དཀར་ཆག་དང་དེ་བཞིན་ཁ་གཏད་རོགས་སྐྱོར་ས་ཁུལ་དང་རོགས་སྐྱོར་ཚན་པའི་ཉོ་སྒྲུབ་དཀར་ཆག་ནང་གཞག་རྒྱུ།དཀར་མཛེས་ཁུལ་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ཀྱི་གཞུང་ཕྱོགས་ཁས་ལེན་དབང་ཆ་སྤྲོད་པའི་མ་ལག་མགྱོགས་མྱུར་འཛུགས་པ། ཐོན་རྫས་ཁུངས་འདེད་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ‘དཀར་མཛེས་ནས་ཐོན་སྐྱེད་གདོད་མ་དང་ཁེ་ལས་ཀྱིས་ཐད་ཀར་ཐོན་སྐྱེད’དེ་ཁྲོམ་རའི་གཙོ་རྒྱུན་དུ་འགྱུར་ཐུབ་པ་བྱ་རྒྱུ།“སྤྲོས་ཚོམས་སྟེགས་བུ་ལ་བརྟེན་ནས་ཤར་ནུབ་རྒྱུད་མཉམ་ལས་དང་། ཁ་གཏད་རོགས་སྐྱོར། དེ་བཞིན་ཁུལ་ཡོངས་ཀྱི་སྤུས་ལེགས་ཐབས་ལམ་ཐོན་ཁུངས་བཅས་གནད་ལ་འཁེལ་བའི་སྒོ་ནས་སྦྲེལ་མཐུད་བྱས་ཏེ། དྭངས་གཙང་དཀར་མཛེས་ཁུལ་གྱི་དྲྭ་གྲགས་མི་སྣའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་ཐོན་རྫས་དྲྭ་ཐོག་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་གཏོང་བ་སོགས་ཀྱི་ཐད་གཏམ་བཤད་སྤེལ་བ་དང་། རང་ངོས་ཀྱི་གཉེར་སྐྱོང་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་རེ་ཞུ་དང་གྲོས་འགོ། བསམ་འཆར་རེ་རེ་བཞིན་བཏོན་པ་རེད། འཚོལ་བསྡུས་རེ་ཞུ་དང་གྲོས་འགོ་ཞིབ་ཕྲ་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱིས་འཕྲལ་མར་ལན་འདེབས་ཐུབ་རིགས་ལ་ཡུལ་དངོས་སུ་ལན་འདེབས་པ་དང་འཕྲལ་མར་ལན་འདེབས་མ་ཐུབ་པའི་རིགས་དུས་བཀག་ནང་ཡིག་ཐོག་ནས་ལན་འདེབས་པ་ཁ་གསལ་བཟོས་ཡོད།
བྱེད་སྒོའི་ཁྲོད2025ལོའི་སྲིད་གཞུང་དང་ཁེ་ལས་ཀྱི་སྤྲོས་ཚོམས་བྱེད་སྒོ་དུས་ཐེངས་ལྔ་པ་དང2026ལོའི་“སྲིད་གཞུང་དང་ཁེ་ལས་བར་སེམས་མཐུན་དཀྲུགས་ཇའི”སྤྲོས་ཚོམས་བྱེད་སྒོ་དུས་ཐེངས་གཉིས་པའི་ཁྲོད་དུ་ཁེ་ལས་ཀྱིས་བཏོན་པའི་གནད་དོན་བསྒྲུབས་ཚུལ་བརྡ་ཁྱབ་བཏང་བ་དང་། 《དཀར་མཛེས་ཁུལ་གྱི་ཡུལ་སྡེ་དར་རྒྱས་ཀྱི་ཞིང་ལས་ཐོན་ལས་འཕེལ་རྒྱས་དངུལ་བུན་གྱི་འཚུབ་བསྟུན་དངུལ་བུན་སྒྱུར་གཏོང་མ་དངུལ་ལག་ལེན་ཞིབ་སྲོལ》དང《གཙོ་གནད་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་བའི་སྲིད་ཇུས་བྱ་ཐབས》《དཀར་མཛེས་ཁུལ་གྱིས་ཕྱུགས་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་བའི་བྱ་ཐབས་དོན་ཚན་དགུ》《དཀར་མཛེས་ཁུལ་གྱི་ནགས་རྩྭ་ཐོན་ལས་འཕེལ་རྒྱས་ཀྱི་བྱ་སྤྱོད་ཇུས་གཞི》སོགས་སྲིད་ཁེ་སྲིད་ཇུས་སྒྲོག་འགྲེལ་བྱས་ཡོད།
ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཡོན་ཀང་དང་། ཁུལ་སྲིད་གཞུང་གི་འབྲེལ་གཏུག་དྲུང་ཆེན་གཞོན་པ། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ། རྫོང(གྲོང་ཁྱེར)སྲིད་གཞུང་ཁག་གི་འགན་འཁུར་བ་གཙོ་བོ་ཞུགས་ཡོད་པ་རེད།།( ཀུན་དགས་བསྒྱུར།)
