国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་གྱི་འཚུབ་བསྟུན་དཔེ་མཚོན་ཞིག་ལ་གཟེངས་བསྟོད་ཐོབ།

985be88d778354eb22cf2d9789a9730bམེ་བསད་རྗེས་ཀྱི་ཡུལ་དངོས་པར་རིས།

ཉེ་ཆར། དཀར་མཛེས་ཁུལ་དུ་ཐོག་བརྒྱབ་ནས་བྱུང་བའི་མེ་སྐྱོན་བསད་པའི་དཔེ་མཚོན་ཞིག་ལ་འཚུབ་བསྟུན་དོ་དམ་པུའུ་ཉེན་ཁ་ལྟ་ཞིབ་ཚད་ལེན་དང་མེ་སྐྱོན་ཕྱོགས་བསྡུས་འགོག་བཅོས་སི་ཡིས་གཟེངས་བསྟོད་བྱས་པ་རེད།

སྤྱི་ཟླ3པའི་ཚེས2ཉིན་གྱི་ཆུ་ཚོད17དང་སྐར་མ49ཡི་ཐོག། ཉག་ཆུ་རྫོང་ཉ་ཡུལ་ཞབས་ཡུལ་ཤོག་གི་གཞི་རིམ་དྲྭ་མིག་ཆེད་འགན་མཁན་རྡོ་རྗེ་ཡིས་ཉ་ཡུལ་ཞབས་ཡུལ་ཤོག་ཆུ་འཁོར་ལུང་པར(འཕྲེད་ཐིག་བྱང་མ29.287°དང་ཤར་གཞུང་ཐིག100.9915°)ཆུ་ཚོད17དང་སྐར་མ56ཙམ་ལ་ཐོག་བརྒྱབ་ནས་མེ་འབར་བ་མཐོང་ནས་སྙན་སེང་ཞུས། མེ་འབར་ས་ནི་གྲོག་རོང་ཡིན་ཞིང་རི་ངོས་མཐོ་ལ་གཏིང་ཟབ་པ་དང་། གཟར་ཚད་མཐོ་ཤོས་ཏུའུ80ལ་སླེབས་པ་སོགས་ས་བབ་ཆ་རྐྱེན་ཧ་ཅང་ཞན་པ་དང་མེ་ཟོན་འགྲོ་ལམ་མེད་པས། མེ་གསོད་པར་དཀའ་ངལ་ཧ་ཅང་ཆེ་བ་རེད། ཉེན་ཁའི་གནས་ཚུལ་ཚབས་ཆེན་གྱི་མདུན་དུ་ཡུལ་ཤོག་མི་དམངས་སྲིད་གཞུང་གིས་འཕྲལ་མར་འཚུབ་བསྟུན་སྔོན་ཇུས་བཟོས་ནས་དྲྭ་མིག་ཆེད་འགན་མཁན་དང་། སྡེ་མི། མེ་གསོད་རུ་མི། དེ་བཞིན་མདུན་ཕྱོགས་བཅའ་སྡོད་འགོག་སྲུང་རུ་མི50ལྷག་ཙམ་བསྡུས་ཏེ་ཡུལ་དངོས་ལ་མེ་གསོད་པར་བསྐྱོད་པ་དང་རྗེས་སུ་སྡེ་མི150ལྷག་ཙམ་བསྡུས་ནས་རོགས་སྐྱོར་བྱེད་དུ་བཅུག། རླུང་ཆུང་བའི་མཐུན་རྐྱེན་དང་མེ་གསོད་མི་སྣས་མགྱོགས་མྱུར་ཕར་རྒོལ་དང་ཚན་རིག་དང་མཐུན་པའི་མེ་གསོད་བཅས་ལ་བརྟེན་ནས། ཐེངས་འདིའི་ཐོག་བརྒྱབ་མེ་སྐྱོན་མགྱོགས་མྱུར་བསད་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་སྲུང་སྐྱོང་ཏན་ཏིག་བྱས་པ་རེད།

འཚུབ་བསྟུན་དོ་དམ་པུའུ་ཉེན་ཁ་ལྟ་ཞིབ་ཚད་ལེན་དང་མེ་སྐྱོན་ཕྱོགས་བསྡུས་འགོག་བཅོས་སི་ཡིས་སི་ཁྲོན་ཞིང་ཆེན་འཚུབ་བསྟུན་དོ་དམ་ཐིང་དང་། དཀར་མཛེས་ཁུལ་འཚུབ་བསྟུན་དོ་དམ་ཅུས། ཉག་ཆུ་རྫོང་འཚུབ་བསྟུན་དོ་དམ་ཅུས།ཉ་ཡུལ་ཞབས་ཡུལ་ཤོག། རྡོ་རྗེ་བཅས་ལ་གཟེངས་བསྟོད་བྱས་པ་རེད། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གི་འཚུབ་བསྟུན་དོ་དམ་སྡེ་ཚན་གྱིས་ཉེན་ཁ་ཞིབ་འཇུག་དང་བརྡར་ཤ་གཅད་རྒྱུར་སྔར་བས་ཤུགས་བསྣན་ནས་གཞི་རིམ་གྱི་གནོད་འཚེའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྱི་ཆ་འཕྲིན་སྙན་སེང་ཞུ་བའི་ལས་དོན་ལ་མཛུབ་ཁྲིད་དང་སྐུལ་འདེད་བཏང་ནས་འབྲེལ་ཡོད་དཔེ་མཚོན་དུས་ཐོག་ཏུ་བསྡུ་རུབ་བྱེད་པ་དང་འབྲེལ་དྲིལ་བསྒྲགས་བྱས་ཏེ་མང་ཚོགས་ཀྱིས་ཚད་ལེན་དང་མང་ཚོགས་ཀྱིས་སྔོན་འགོག་བྱེད་པའི་ཁོར་ཡུག་བཟང་པོ་གཏོད་དགོས་པའི་བླ་བྱ་བཏོན་པ་རེད།།

( རྟ་མགྲིན་རྡོ་རྗེས་བསྒྱུར།)