国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






( པར་ངོས་དང་པོར་མཐུད།)

ཀྲའོ་པོ་སྔ་རྗེས་སུ་ཉག་ཆུ་རྫོང་གི་ཆུ་གཉིས་མདོ་གློག་འདོན་ཁང་དང་ཆུ་གཉིས་མདོ་རྩིས་གློག་མཉམ་འདྲེས་དཔེ་སྟོན་ལྟེ་གནས་དང་བརྒྱད་ཟིལ་རྫོང་གི་ཅིའུ་ལུང་ནུས་རྒྱུ་གསར་པ་ཚད་ཡོད་སྤྱི་གཉེར་ཁང་དུ་ཕེབས་ནས་ནུས་རྒྱུ་གཙང་མ་གསར་སྦོལ་བེད་སྤྱོད་དང་། གློག་ཤུགས་ཕྱིར་སྐྱེལ། རྩིས་གློག་མཉམ་འདྲེས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ཆ་རྒྱུས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ནུས་རྒྱུ་གཙང་མ་ནི་དཀར་མཛེས་ཁུལ་གྱི་ཁྱད་ཡོན་ཐོན་ལས་དང་འདེགས་སྐྱོར་ཐོན་ལས་ཡིན་པས་བློ་བརྟན་འགྱུར་མེད་ཀྱིས་ལས་སྒོ་ཆེན་པོ་དང་སྟོབས་ཆེན། སྤུས་ལེགས་བཅས་བཟོ་དགོས། བརྩེ་སེམས་གཅིག་སྒྲིམ་གྱིས་ཁེ་ལས་ལ་བརྒྱུད་རིམ་ཧྲིལ་པོའི་ཞབས་ཞུ་འགན་ལེན་ཡག་པོ་བྱེད་པ་དང་། ལས་གཞི་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏང་རྒྱུར་ཤུགས་ཡོད་རྒུས་བསྐུལ་ཏེ་ཁེ་ལས་འཕེལ་རྒྱས་དང་ས་གནས་དར་རྒྱས་གཉིས་ཁེ་ཡོང་བ་བྱ་དགོས། ཁེ་ལས་ཀྱིས་དཀར་མཛེས་ཁུལ་ལ་མ་འཇོག་དང་འཕེལ་རྒྱས་གཏོང་བའི་ཡིད་ཆེས་བརྟན་དུ་བཏང་ནས་དཀར་མཛེས་ཁུལ་ལ་ཇུས་བཀོད་དང་མ་འཇོག་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ་དང་། སྦག་མེད་ཐཱན་ཉུང་གི་གློག་ཤུགས་སྣེ་ཁྲིད་དང་། རྩིས་ཤུགས་ནུས་སྤྲོད། གྲངས་རིག་མཉམ་འདྲེས་རྒྱུན་སྲིང་ལ་ཤུགས་རྒྱག་པ་བཅས་ལ་དམིགས་ནས་ཆུ་དང་རླུང་། འོད་གསོག་འཇོག་གཞི་གཅིག་ཅན་གྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། ནུས་རྒྱུ་གཙང་མའི་ཁྱད་ཡོན་དང་ཨང་ཀི་དཔལ་འབྱོར་མཉམ་འདྲེས་ཆེན་པོ་དང་ཕན་ཚུན་སྐུལ་ཅིང་ཐུན་མོང་གོང་འཕེལ་ཡོང་བར་བྱས་ཏེ། ཁུལ་ཡོངས་ཀྱི་ཐོན་ལས་གཤོ་བསྒྱུར་རིམ་སྤར་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྒུལ་ཤུགས་སྟོབས་ཆེན་ཞིག་སྟེར་དགོས་ཞེས་ནན་གསུང་གནང་བ་རེད།

ལི་ཝུའུ་རགས་གཏེར་ལས་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་དང་རུང་ཏ་ལིས་གཏེར་ལས་ཚད་ཡོད་སྤྱི་གཉེར་ཁང་དར་མདོ་གྲོང་ཁྱེར་དཀར་རྒྱན་ཁའི་གཤའ་དཀར་གཏེར་ལས་ཡུལ་ཁུལ་དུ་ཀྲའོ་པོ་ཡིས་གཏེར་ཁའི་ཐོན་ཁུངས་གསར་སྦོལ་བེད་སྤྱོད་དང་། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྤྱོད། ཐོན་ལས་སྦྲེལ་ཐག་གསོ་སྐྱོང་། ལག་རྩལ་བསྒྱུར་བཀོད་རིམ་སྤོར་སོགས་ཀྱི་གནས་ཚུལ་ཆ་རྒྱུས་ཞིབ་ཕྲ་བླངས་ཤིང་། ཁེ་ལས་ཀྱི་འགན་འཁུར་བ་དང་སྤེལ་རེས་བྱས་ནས་བསམ་འཆར་གསན་འཇོག་གནང་བ་རེད། ཁོང་གིས་ཁེ་ལས་ཀྱིས་གསར་སྦོལ་ཆུ་ཚད་མཐོན་པོ་དང་སྲུང་སྐྱོང་ཆུ་ཚད་མཐོན་པོ་བྱ་རྒྱུ་གཉིས་མཉམ་དུ་འཛིན་ཞིང་། གསོག་འཇོག་མང་དུ་གཏོང་བ་དང་ཐོན་སྐྱེད་མང་དུ་གཏོང་བ་མཉམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་ཏེ་སྦག་མེད་འཕེལ་རྒྱས་དང་གསར་གཏོད་འཕེལ་རྒྱས་ཀྱི་ལམ་བུར་བརྟན་པོར་སྐྱོད་པ་དང་། ལག་རྩལ་གསར་གཏོད་དང་ཞིབ་འཇུག་གསར་སྤེལ་ལ་མ་འཇོག་རྒྱུན་སྲིང་དུ་བསྣན་ཏེ། ཐོན་ལས་ཀྱི་འབྲེལ་ཐག་སྣུར་སྲིང་དང་། འབྲེལ་ཐག་གསབ་པ། འབྲེལ་ཐག་སྟོབས་ཆེར་གཏོང་བཅས་ལ་སྐུལ་ཤུགས་ཆེ་རུ་བཏང་སྟེ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་འགན་འཁྲི་དེ་བས་ཆེན་པོ་ཁུར་ཕོད་པ་དང་བྱས་རྗེས་དེ་བས་ཆེན་པོ་འབུལ་གང་ཐུབ་བྱ་དགོས་པའི་སྐུལ་མ་གནང་།

ཀྲའོ་པོ་ཡིས་བརྒྱད་ཟིལ་རྫོང་ཁེ་རྡོ་གྲོང་རྡལ་ཇ་ལོ་དེང་རབས་ཐོན་ལས་གླིང་ཁུལ་དུ་ཕེབས་ནས་མཐོ་སྒང་གི་ཇ་ཐོན་ལས་འདེབས་འཛུགས་རྒྱ་ཁྱོན་དང་ལས་སྣོན་ཕྱིར་འཚོང་། གྲགས་རྟགས་བཟོས་པ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་མཚོ་འཕགས་མཐོ་བ་དང་རྫས་འགྱུར་དང་ཞིང་སྨན་བླུགས་མེད་པའི་ཐོན་རྫས། ཇ་སྡོང་རྙིང་པ་བཅས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཡོན་ལ་གཞི་ཚུགས་ཏེ། ཐོན་རྫས་སྣ་ཁ་ལེགས་སུ་གཏོང་བ་དང་སྤུས་ཀ་སྟོབས་ཆེར་གཏོང་བ། གྲགས་རྟགས་གཏོད་པ་སོགས་ཀྱི་ལས་ཀ་མུ་མཐུད་དེ་ཡག་པོ་བསྒྲུབ་དགོས། ཇ་འདྲེན་བརྡལ་ལམ་གྱི་རིག་གནས་དང་གཟུགས་མེད་རིག་གནས་ཤུལ་བཞག་གི་ནང་དོན་སྔོག་འདོན་ཤུགས་ཆེན་བྱ་དགོས། ཇ་ཞིང་ལྟ་སྐོར་དང་ཇ་བཟོ་མྱོང་རོལ། ཞིབ་སློབ་དང་ཡུལ་སྐོར་སོགས་ལས་རྣམ་གསར་པ་སྐྱེད་སྲིང་ཧུར་ཐག་བྱས་ནས་ཇ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་གཏང་དགོས་ཞེས་གསུངས་པ་རེད། དར་མདོ་གྲོང་ཁྱེར་ར་རྔ་ཁ་གྲོང་རྡལ་གྱི་རྒྱལ་སྲུང་གཞུང་ལམ318པའི་ལམ་རྒྱུད་ནི་ཀུན་གྱི་འཁྱམ་ཡུལ་ཡིན་ཞིང་། ཀྲའོ་པོ་ར་རྔ་ཁ་གྲོང་རྡལ་དུ་ཕེབས་ནས་ཡུལ་སྐོར་ཞབས་ཞུའི་འགན་ལེན་དང་ཁྲོམ་རའི་སྒྲིག་ལམ་སོགས་ལ་གཟིགས་ཞིབ་གནང་བ་དང་དར་མདོ་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་དོན་སྙན་སེང་ཞུ་བར་གསན་ཞིང་། ཁོང་གིས་ཞབས་ཞུ་ཞིབ་ཚགས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཞུགས་ཞུ་མཁོ་འདོན་རྒྱུན་མཐུན་ངང་ལེགས་སུ་བཏང་ནས་ཁྲིམས་འགལ་སྒྲིག་འགལ་གྱི་གཉེར་སྐྱོང་བྱ་སྤྱོད་སྣ་ཚོགས་བཅོས་སྒྲིག་རྒྱུན་འཁྱོངས་ཏེ་ཡུལ་སྐོར་བའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་ཏེ། ར་རྔ་ཁའི་པར་ལེན་ཞིང་ཁམས་ཀྱི་སྐད་གྲགས་ཇེ་ཆེ་གཏང་དགོས་ཞེས་གསུངས་པ་རེད། དེ་རྗེས་ཁོང་གཙང་དཔལ་མེ་ལོང་གནས་ཚང་དུ་ཕེབས་ནས་གནང་ཚང་གི་འདུ་ཤེས་དང་ཁྲོམ་རའི་ཚད་དཔོག། འགྲུལ་རྒྱུན་ཡོང་ཁུངས་སོགས་གནས་ཚུལ་ལ་འདྲི་རྩད་ཞིབ་ཕྲ་གནང་བ་དང་། ལས་གཉེར་པར་ཁྱད་ཆོས་ཡོད་པའི་གནས་ཚང་ཡག་པོ་གཉེར་བ་རྒྱུན་འཁྱོངས་ཏེ། ར་རྔ་ཁའི་སྤུས་ལེགས་ཡུལ་སྐོར་ཐོན་ཁུངས་བེད་སྤྱོད་ཡག་པོ་དང་གསོན་ཤུགས་ལྡན་པའི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་དང་། ཡུལ་སྐོར་བར་སྣ་མང་ཅན་དང་རང་གཤིས་ཅན། སྤུས་ཀ་ཅན་བཅས་ཀྱི་གནས་སྡོད་དགོས་མཁོ་བསྐང་དགོས་པའི་སྐུལ་ལྕག་གནང་བ་རེད།

ཀྲའོ་པོ་འབྲེལ་གཏུག་བྱེད་སའི་དར་མདོ་གྲོང་ཁྱེར་གཡག་རྭ་ཡུལ་ཤོག་ཝ་མང་གྲོང་སྡེའི་ཏང་དང་མང་ཚོགས་ཞབས་ཞུ་ལྟེ་གནས་སུ་ཕེབས་ནས་གྲོང་སྡེའི་ཨུ་ལྷན་གཉིས་ཀྱི་ལས་བྱེད་པ་དང་གཞི་རིམ་ཏང་མི་མང་ཚོགས་དང་སྤེལ་རེས་གཏིང་ཟབ་བྱས་ཏེ། གྲོང་སྡེ་རིམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་དང་གཞི་རིམ་བཅོས་སྐྱོང་། ནགས་རྩྭ་མེ་ཟོན་མེ་གསོད། གྲོང་སྡེ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ལས་དོན་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་རེད། ཁོང་གིས་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་དང་ཏང་མིའི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། མྱུར་སྒྲུབ་ལ་བརྩི་མཐོང་དང་དངོས་སྒྲུབ་ལ་ཧུར་བརྩོན། དཀའ་སྒྲུབ་ལ་མི་སྐྲག། ཐབས་སྒྲུབ་ལ་མཁས་པའི་གཙོ་དོན་ལག་ལེན་བྱེད་སྒོ་སྤེལ་བའི་གོ་སྐབས་དམ་འཛིན་བྱས་ཏེ། བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། དམངས་འཚོ་བཅས་ཀྱི་ལས་དོན་ཁག་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་པ་དང་། ལག་ལེན་དངོས་ཀྱི་གྲུབ་འབྲས་ལ་བརྟེན་ནས་སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་ཏེ། གཞི་རིམ་བཅོས་སྐྱོང་བྱེད་སྟངས་གསར་དུ་གཏོད་ནས་བྱ་བ་དངོས་མང་ཚོགས་ཀྱི་སེམས་ལ་འཕྲོད་པ་བྱ་དགོས་ཞེས་གསུངས་པ་རེད།

བརྟག་ཞིབ་བྱེད་རིང་གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་ཐེངས116པ་དང་ཁེལ་བས་ཀྲའོ་པོ་ཉག་ཆུ་རྫོང་ཆུ་ཁ་གྲོང་རྡལ་དུ་ཕེབས་ནས་ལས་ཡུལ་བརྟན་སྲུང་བྱེད་མཁན་བུད་མེད་ཞབས་ཞུ་ཀུན་ཁེབས་པ་དང་བུད་མེད་ཁོར་ཡུག་འཕྲོད་བསྟེན་ལས་བཟོ་པར་འཚམས་འདྲི་གནང་། ཁོ་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་བྱས་པ་དང་འབྲེལ་ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་བུད་མེད་སྤུན་ཟླ་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད།

འབྲེལ་གཏུག་བྱེད་སའི་རྫོང་དང་གྲོང་ཁྱེར་གྱི་ཁུལ་འགོ་ཁྲིད་དང་དར་མདོ་གྲོང་ཁྱེར། ཉག་ཆུ་རྫོང་། བརྒྱད་ཟིལ་རྫོང་བཅས་ཀྱི་འགན་འཁུར་བློ་མཐུན་འབྲེལ་ཡོད་བརྟག་ཞིབ་ནང་ཞུགས་ཡོད།།

( ལྷ་འཛོམས་དང་བདེ་ཆེན་གྱིས་བསྒྱུར།)