国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲའོ་པོ་ཁུལ་ཨུ་གཞུང་ལས་ཁང་གི་ཏང་ཀྲི་པུའུ་དང་པོའི་རྩ་འཛུགས་འཚོ་བའི་ཚོགས་འདུར་ཞུགས་སྐབས།

“ཞབས་ཞུ་གསུམ”གྱི་ལས་ཀའི་འཇོན་ཚད་མཐོ་རུ་བཏང་ནས་དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་གྱི་གནས་བབ་གསར་པ་གཏོད་པའི་ཁྲོད་དཔེ་སྟོན་གྱི་ཚད་གཞི་བྱ་དགོས་ཞེས་གསུངས།

སྤྱི་ཟླ3པའི་ཚེས13ཉིན། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཁུལ་ཨུ་གཞུང་ལས་ཁང་ལས་ཁུངས་ཀྱི་ཏང་ཀྲི་པུའུ་དང་པོའི2025ལོའི་ལོ་འཁོར་གྱི་རྩ་འཛུགས་འཚོ་བའི་ཚོགས་འདུ་དང་དམངས་གཙོའི་དཔྱད་མོལ་ཏང་མི་ཚོགས་འདུར་ཞུགས་ནས་ཏང་མི་བློ་མཐུན་དང་མཉམ་དུ་སློབ་ཞིབ་དང་བསམ་ཚུལ་སྤེལ་རེས་གནང་བ་རེད། ཁོང་གིས་དུས་རབས་གསར་པའི་གཞུང་དོན་ཐིང་གི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ནས་སྣེ་ཁྲིད་དེ་མྱུར་སྒྲུབ་ལ་བརྩི་མཐོང་དང་། དངོས་སྒྲུབ་ལ་ཧུར་བརྩོན། དཀའ་སྒྲུབ་ལ་མི་སྐྲག། ཐབས་སྒྲུབ་ལ་མཁས་པ་བྱེད་ཅིང་། “ཞབས་ཞུ་གསུམ”གྱི་ལས་ཀའི་འཇོན་ནུས་དང་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ་དང་། འཐབ་འཛིང་ལས་ཁུངས་དང་། གཏོང་ཕོད་ལས་ཁུངས། གསོན་ཤུགས་ལྡན་པའི་ལས་ཁུངས་བཅས་ཧུར་ཐག་བསྐྲུན་ཏེ་དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་གྱི་གནས་བབ་གསར་པ་ཧུར་ཐག་གཏོད་པའི་ཁྲོད་དཔེ་སྟོན་གྱི་ཚད་གཞི་བརྩོན་ལེན་བྱ་དགོས་ཞེས་གསུངས་པ་རེད།

ཚོགས་འདུར་ཏང་ཀྲི་པུའུ་ཡི་འགན་འཁུར་བློ་མཐུན་གྱིས་ཀྲི་པུའུ་ཨུ་ལྷན་གྱི་ཚབ་བྱས་ནས་ཀྲི་པུའུ་ལས་དོན་གནས་ཚུལ་སྙན་སེང་ཞུས་ཤིང་། ཀྲི་པུའུ་ཡིས་གནད་དོན་ཞིབ་བཤེར་བྱས་ཚུལ་ཁྱབ་བསྒྲགས་བྱས་པས་མ་ཚད། ད་དུང་དག་ཐེར་བཅོས་སྐྱོང་བྱེད་ཐབས་བཏོན་པ་རེད། ཀྲི་པུའུ་ཡི་ཏང་མིས་རང་རང་སོ་སོའི་བསམ་བློ་དང་ལས་ཀའི་དོན་དངོས་དང་སྦྲེལ་ཏེ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་ཏན་བྱས་ཤིང་། ཏང་མི་འཐུས་མིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

ཀྲའོ་པོ་ཡིས་ཁུལ་ཨུ་གཞུང་དོན་ཁང་གི་ཉེ་དུས་ལས་དོན་ལ་ཁས་ལེན་གནང་བ་དང་། ཁོང་གིས་ལྷག་བསམ་རྣམ་དག་བླ་སྲོག་ཏུ་བཟུང་ནས་ཏང་གཤིས་གཙང་ཞིང་དད་སེམས་བརྟན་པོ་ཡོད་པའི་དཔེ་སྟོན་གྱི་ཚད་གཞི་བརྩོན་ལེན་བྱ་དགོས་པ་དང་། མྱུར་སྒྲུབ་བྱ་རྒྱུ་སྔོན་དུ་བཞག་ནས་གོ་སྐབས་དམ་འཛིན་དང་མྱུར་ཚད་དང་ཕན་འབྲས་ཆེ་རུ་གཏོང་བའི་དཔེ་སྟོན་གྱི་ཚད་གཞིར་བརྩོན་ལེན་བྱ་དགོས། དངོས་སྒྲུབ་བྱ་རྒྱུ་རྨང་གཞིར་བྱས་ནས་བྱང་ཚད་མཐོ་ཞིང་ལས་སྒོ་ཕུལ་དུ་བྱུང་བའི་དཔེ་སྟོན་གྱི་ཚད་གཞིར་བརྩོན་ལེན་བྱ་དགོས། དཀའ་སྤྱད་ལས་སྒྲུབ་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་དཀའ་སྤྱད་འགག་སྒྲོལ་དང་བྱས་རྗེས་འབུལ་ཕོད་པའི་དཔེ་སྟོན་གྱི་ཚད་གཞིར་བརྩོན་ལེན་བྱ་དགོས། ཐབས་སྒྲུབ་ལ་མཁས་པ་བྱ་རྒྱུར་གཙོ་བོ་བྱས་ནས་བདེན་སྲུང་གསར་གཏོད་དང་སྒྲུབ་མཁས་ལེགས་གྲུབ་བཅས་ཀྱི་དཔེ་སྟོན་གྱི་ཚད་གཞིར་བརྩོན་ལེན་བྱ་དགོས་ཞེས་གསུངས་པ་རེད།།

(ལྷ་འཛོམས་ཀྱིས་བསྒྱུར།)