国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔལ་སྨད་ཕུག་ལམ་གྱི་འཇུག་སྒོར་སྲ་སྲུང་བྱ་ཐབས་བཟང་པོ་སྤྱད་ནས་སྐྲུན་འགོ་བཙུགས།

4987_01B_20260317དཔལ་སྨད་ཕུག་ལམ་གྱི་ཕྱིར་བུད་སྒོ་ཕུག་འགོ་བཙུགས།

སྤྱི་ཟླ3པའི་ཚེས10ཉིན། བྲག་མགོ་ནས་དར་མདོའི་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་དཔལ་སྨད་ཕུག་ལམ་གྱི་འཇུག་སྒོ་གཡོན་ལམ་དང་། ཕྱིར་བུད་གཡོན་ལམ་དུས་གཅིག་ཏུ་ཕུག་པའི་ཨར་ལས་བྱེད་ཐུབ་པ་བྱུང་ཡོད། ལམ་ཐིག་ཧྲིལ་པོ་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པའི་ངོས་ནས་ཐེངས་འདིར་བདེ་བླག་ངང་ཕུག་པ་ལས་ཨར་ལས་དངོས་སུ་ལས་པའི་དུས་མཚམས་སུ་སླེབས་པ་མཚོན་པ་དང་། བྲག་མགོ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་ཧྲིལ་པོའི་སྐྲུན་ཚད་མགྱོགས་སུ་བཏང་ཡོད།

དཔལ་སྨད་ཕུག་ལམ་ནི་རྟའུ་རྫོང་དཔལ་སྨད་གྲོང་རྡལ་ནས་དར་མདོ་གྲོང་ཁྱེར་ལྷ་སྒང་གྲོང་རྡལ་གྱི་འབྲེལ་མཚམས་ན་ཡོད། ཆ་སྙོམས་མཚོ་འཕགས་སྨི3700ཡོད་པ་དང་། གཡོན་ཐིག་གི་སྤྱིའི་རིང་ཚད་ལ་སྨི1569ཡོད་ཅིང་། གཡས་ཐིག་གི་སྤྱིའི་རིང་ཚད་ལ་སྨི1563ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། བྲག་མགོ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་དེ་ཁྲོན་བོད་ལྷོ་བྱང་ལམ་རྒྱུད་ཀྱི་འབྲེལ་མཐུད་ལམ་ཐིག་དང་ཁྲོན་བོད་བགྲོད་ལམ་ཆེན་པོའི་འགག་རྩའི་མཚམས་ཚིགས་ཤིག་ཡིན། མྱུར་བགྲོད་གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ186ཡོད་པ་དང་མཚོ་འཕགས་སྨི3500ཡོད། རགས་རྩིས་བྱས་ན་སྤྱིའི་མ་དངུལ་སྒོར་དུང་ཕྱུར329གཏང་རྒྱུ་ཡིན་པ་རེད། ལས་གཞི་དེ2025ལོའི་ཟླ་བ9པར་སྐྲུན་འགོ་བཙུགས་པ་དང་། 2029ལོར་ལམ་ཐིག་ཧྲིལ་བོར་རླངས་འཁོར་ཤར་གཏོང་ཐུབ་པའི་འཆར་གཞི་ཡོད། བསྐྲུན་རྗེས་ར་རྔ་ཁ་གྲོང་རྡལ་ནས་བྲག་མགོ་རྫོང་བར་དུས་ཚོད་ཆུ་ཚོད2ལས་མི་དགོས་པ་རེད།།

( བདེ་སྐྱིད་ཀྱིས་བསྒྱུར།)