国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཉེ་ཆར། ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་ཝུའུ་དབྱི་རྫོང་ཡོངས་ཀྱི་ཇ་ཞིང་མུའུ་ཁྲི12.82ཡོད་ཅིང་། ད་ཆར་ཕྱོགས་ཡོངས་ནས་ཇ་ལོ་འཐུ་བའི་དུས་སུ་སླེབས་པ་དང་། ཇ་ཞིང་ཀུན་ཏུ་སོ་ནམ་ལས་ལ་བྲེལ་བའི་རྣམ་པས་ཡོངས་སུ་ཁེངས། ཇ་ལོ་ནི་ས་གནས་དེ་གའི་མང་ཚོགས་ཀྱི་ཕྱུག་སྒོ་དབྱེ་བའི་གསེར་གྱི་ལྡེ་མིག་ཏུ་འགྱུར་བཞིན་ཡོད་ཅིང་། སྔོན་དཔག་བྱས་ན་དཔྱིད་ཇ་ཡི་སྤུས་ཚད་སྤྱིའི་ཆ་ནས་ལོ་སྔོན་མ་ལས་ལེགས་པོ་བྱུང་ཡོད། ཉེ་བའི་ལོ་ཤས་རིང་། ཝུའུ་དབྱི་རྫོང་གི་ཇའི་ཐོན་ལས་ལ་གཞི་ཁྱོན་ཅན་དང་སྐྱེ་ཁམས་ཅན། གྲགས་རྟགས་ཅན། ཐོན་ལས་ཅན་བཅས་ཀྱི་འཕེལ་ཕྱོགས་བཟང་པོ་ཐོན་ཡོད། ས་གནས་དེ་གའི་གཙོ་ཁྲིད་ཐོན་ལས་དང་དམངས་ཕྱུག་ཡོང་འཕར་ལེགས་ཆ་ཐོན་ལས་སུ་གྱུར་པ་དང་། 2025ལོར་རྫོང་ཡོངས་ཀྱི་ཇ་ལོའི་ཐོན་ཚད་ཏུན་ཁྲི2.07ལ་ཟིན་པ་དང་། ཐོན་ལས་དང་པོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར15.21ལ་ཟིན་ཡོད།། (བདེ་ཆེན་གྱིས་བསྒྱུར།)

ཀྲུང་གོའི་ལྷད་མེད་སྐྱེ་ལྡན་ཇ་ཡི་འབྱུང་ཡུལ་ཀྲེ་ཅང་ཝུའུ་དབྱིའི་དཔྱིད་ཇ་འཐུ་འགོ་བཙུགས།

ཞིན་ཧྭ་གསར་འགྱུར་ཁང་ནས་པར་དྲངས།

4841_04B_20260318ཇ་འཐུ་མཁན་ཚོས་ཝུའུ་དབྱི་རྫོང་ལྷད་མེད་སྐྱེ་ལྡན་ཇ་ཞིང་དུ་ད་ལོའི་དཔྱིད་ཇ་ཁག་དང་པོ་འཐུ་བཞིན་པ།

4847_04B_20260318ཇ་འཐུ་མཁན་ཚོས་ཝུའུ་དབྱི་རྫོང་ལྷད་མེད་སྐྱེ་ལྡན་ཇ་ཞིང་དུ་ད་ལོའི་དཔྱིད་ཇ་ཁག་དང་པོ་འཐུ་བཞིན་པ།

4843_04B_20260318ཞིང་སྤྱོད་མི་མེད་གནམ་གྲུ་ཡིས་ཝུའུ་དབྱི་ཧྲུའུ་ཧྲུའེ་ཇ་ལས་ཚན་ཡོད་སྤྱི་གཉེར་ཁང་གི་ཇ་ཞིང་དུ་ལུད་རྒྱག་བཞིན་པ།

5008_04B_20260318ཅིན་ཧྭ་གྲོང་ཁྱེར་གྱི་ཝུའུ་དབྱང་ཇའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་བརྒྱུད་འཛིན་པ་དང་རྒྱལ་ཡོངས་ཀྱི་ལག་རྩལ་མཁས་པ་ཝང་ཏུང་གིས་ད་ལོའི་དཔྱིད་ཇ་བཟོ་བཞིན་པ།

4845_04B_20260318ཝུའུ་དབྱི་རྫོང་ལྷད་མེད་སྐྱེ་ལྡན་ཇ་ལས་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གི་ཐོན་སྐྱེད་བཟོ་ཁང་དུ་བཟོ་པས་དཔྱིད་ཇ་ལས་སྣོན་བྱེད་བཞིན་པ།

4837_04B_20260318 ཇ་འཐུ་མཁན་ཚོས་དཔྱིད་ཇ་འཐུ་བཞིན་པ།