国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འཁྲུལ་སྣང་གི་ གསེར་ཟམ།

སྐྱེ་བ་འདི་དང་ཕྱི་མ།

རྣམ་ཤེས་ཀྱི་རྒྱུད་པ་གཅིག་ཏུ་གྲུབ་ཀྱང་།

ཚེ་རབས་ཀྱིས་བར་དུ་བཅད་པ་ནས་བཟུང་།

ངས་ཁྱོད་ཀྱི་དོན་དུ་སེམས་ཁྲལ་ཙམ་ཡང་བཟོ་བར་མི་འདོད།

ལྟག་རྒྱབ་ཀྱི་རི་འགོར་ཚེས་པའི་དབྱར་ཁ།

འུ་ཅག་དང་འབྲེལ་སྣང་བྲོ་ཡང་།

ཁོ་བོར་མཚོན་ན། འཁྲུལ་སྣང་གི་ཟམ་པ་ཙམ།

ཉི་ཟླའི་འཆར་ནུབ་འཆར་སའི་མིག་ཤེལ་འདི།

ད་དུང་ཆུ་བོར་སྦང་དགོས་པར་འདུག།

བསམ་གཞིགས་ཀྱི་ཀློང་ནས་རྙེད་པའི་ས་བོན།

དངོས་ཡོད་འཚོ་བའི་ནང་དུ་ཅི་ཞིག་བྱ།

སྡོང་པོ་སྐྱེའམ། ཡང་ན་མེ་ལོང་ཉོ།

ང་ཚོས་འཁྲུལ་སྣང་གི་གསེར་ཟམ་བཙུགས་ཤིང་།

འདི་དང་ཕྱི་མ་སྦྲེལ་བྱེད་དུ་སྨོན་ལམ་འདེབས།

ངས་བསམ་པར། ཕྱི་མ་ཡོད་དུ་ཆུགས་ཀྱང་།

ང་དང་འབྲེལ་བ་མི་འདུག་སྙམ།

༼ སད་མི། ༽