国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྤྱི་ཟླ་གསུམ་པའི་གནམ་གཤིས་ཇེ་དྲོར་སོང་བ་དང་བསྟུན་ནས་ལི་མེ་ཏོག་གི་མཛེས་སྡུག་ཀུན་ནས་ངོམས་ཏེ་རོང་བྲག་གི་རི་ལུང་ཀུན་ན་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་རྒྱས་པའི་རྣམ་པ་མངོན། ཡུལ་ལུང་ཐམས་ཅད་ཚོན་མདངས་རྣམ་པར་བཀྲ་བའི་མཛེས་རིས་ཤིག་ཏུ་གྲུབ་སྟེ། རི་ཆུས་སྔོ་ལྗང་གོས་བཟང་བཀླུབས་པ་དང་སྣོད་བཅུད་ལ་གསོན་ཤུགས་དང་སྤྲོ་སྣང་རྒྱས། ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་མང་པོའི་མིག་དབང་བཀུག། རོང་བྲག་བོད་གྲོང་གི་ལི་མེ་ཏོག་བཞད་ཡུན་ནི་ཟླ་བ་གཅིག་ཙམ་ཡིན། ལོ་ལྟར་མེ་ཏོག་ལ་བལྟ་རྒྱུའི་དུས་ཚོད་ཡག་ཤོས་དེ་སྤྱི་ཟླ3པའི་ཟླ་སྨད་ནས་སྤྱི་ཟླ4པའི་ཚེས་འགོ་བར་ཡིན། སྐབས་དེར་མེ་ཏོག་ཁྲ་ཚོམ་གྱི་གསེང་དུ་ལྷོད་འབོལ་ལེར་གནས་པའི་གནའ་བོའི་མཁར་རྫོང་དང་བོད་གྲོང་ནས་ཞི་འཇམ་བག་ཕེབས་པའི་སྣང་ཉམས་ཁེངས། རོང་བྲག་མཛེས་མའི་ལུང་པ་ནི་སྦས་པའི་བསྟི་གནས་ཤིག་དང་ཀུན་ནས་མཚུངས་ཤིང་། ལོ་འཁོར་གཅིག་གི་ནང་དུས་ཚིགས་ཆེས་མཛེས་སྡུག་ལྡན་པར་གྱུར། རོང་བྲག་ཏུ་ལི་མེ་ཏོག་ལ་ལྟ་བ་དང་ཆབས་ཅིག་ད་དུང་བོད་གྲོང་དང་གནའ་བོའི་མཁར་རྫོང་། བརྒྱ་རྒྱུད་བོད་གྲོང་། སྤྲོ་སྣང་བོད་གྲོང་། སོག་པོ་གནའ་མཁར་བཅས་ལའང་ལྟ་ཆོག་པ་རེད།། (བདེ་ཆེན་གྱིས་བྲིས།)

རོང་ བྲག་ རྫོང་ དུ་ དཔྱིད་ དཔལ་ སྒེག་ མོའི་ འཛུམ་ མདངས་ རྒྱས།