国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས(རྒྱས་འཛོམས)གྲོས་ཚོགས་འཚོགས་ཏེ་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྙིང་དོན་ཆེད་དོན་བརྒྱུད་སྦྱངས་དང་། རང་ཁུལ་གྱི་དོན་འཁྱོལ་བསམ་འཆར་ཞིབ་འཇུག་བྱས།

སྤྱི་ཟླ3པའི་ཚེས18ཉིན། ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས(རྒྱས་འཛོམས)གྲོས་ཚོགས་འཚོགས་ཤིང་། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྙིང་དོན་ཆེད་དོན་བརྒྱུད་སྦྱངས་དང་རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ཞིབ་འཇུག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་།

ཚོགས་འདུར་བསྟན་དོན། ཐེངས་འདིའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”ཁྱོན་ཡོངས་ནས་འགོ་འཛུགས་པའི་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ཚོགས་ཆེན་གཉིས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་གཏོང་བའི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པ་རྒྱས་བཤད་གཏིང་ཟབ་གནང་བས་ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པས་ང་ཚོས་ལས་དོན་ཡག་པོ་བསྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

ཚོགས་འདུར་བསྟན་དོན། དཔལ་འབྱོར་ལ་བརྟེན་ནས་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་གསར་པ་མངོན་པར་བྱས་ཏེ། གཙོ་གནད་ལས་གཞི་འཛུགས་སྐྲུན་ལ་སྐུལ་བ་དང་མ་དངུལ་འཇོག་ནུས་ཤུགས་ཆེ་རུ་གཏོང་བ། འཛད་སྤྱོད་ལ་སྐུལ་བའི་ཆེད་དོན་བྱ་སྤྱོད་ལག་ལེན་མཐར་ཕྱིན་བསྟར་ནས་དུས་ཚིགས་དང་པོའི“འགོ་ཡག་པོ་བཙུགས”ནས་ལོ་ཧྲིལ་པོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ལེགས་པར་འགྲུབ་ཆེད་རྨང་གཞི་བརྟན་པོ་ཞིག་གདིང་དགོས། དེང་རབས་ཅན་གྱི་ཐོན་ལས་འཛུགས་སྐྲུན་བྱེད་པའི་ཐད་གོམ་སྟབས་གསར་པ་སྤོ་བ་དང་། རིག་གནས་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། ཁྱད་ཆོས་ཞིང་འབྲོག་བཅས་ཀྱི“དོན་ཆེན་གསུམ”ལ་དམིགས་ནས་ཐོན་རྫས་ཕྲེང་བ་དང་། ཐོན་ལས་ཕྲེང་བ་སྣུར་སྲིང་། རིན་ཐང་ཕྲེང་བ་མཐོར་འདེགས་བཅས་རྒྱུན་ཆད་མེད་པར་ལེགས་པར་བསྒྱུར་ཏེ། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་མཉམ་འདྲེས་གང་ལེགས་དང་ཁྱོན་ཡོངས་ནས་རིམ་སྤར་ཡོང་བར་བསྐུལ་དགོས། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བའི་ཐད་ཕན་འབྲས་ཐོན་ནས་དམངས་འཚོ་ལེགས་གཏོང་དང་དམངས་སེམས་གཅིག་ཏུ་བསྒྲིལ་རྒྱུ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས། གྲོང་སྡེ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་ཏན་ཏིག་སྐུལ་བ་དང་། རྒྱུན་རྣམ་ཅན་གྱི་གནད་སྨིན་རོགས་སྐྱོར་བྱ་ཐབས་དོན་ལ་འཁྱོལ་ཏེ་རྨང་གཞིའི་རང་བཞིན་དང་། ཀུན་ཕན་རང་བཞིན། འཚོ་སྐྱོང་རང་བཞིན་གྱི་དམངས་འཚོ་ལེགས་འཛུགས་ལ་ཤུགས་བརྒྱབ་ཅིང་། སྤྱི་པའི་ཞབས་ཞུའི་མཁོ་སྤྲོད་ལེགས་སུ་བཏང་ནས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏང་དགོས། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པའི་ཐད་འགན་འཁྲི་གསར་པ་མངོན་པ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཅང་བ་དང་ཆུ་ཚད་སྔར་ལས་མཐོ་བའི་དུས་བདེའི་དཀར་མཛེས་ཁུལ་འཛུགས་སྐྲུན་ལ་ཤུགས་རྒྱག་པ། མི་རིགས་མཐུན་སྒྲིལ་དང་དགོན་སྡེ་དོ་དམ། སྤྱི་ཚོགས་བཅོས་སྐྱོང་། སྐྱེ་ཁམས་སྲུང་སྐྱོང་། ནགས་རྩྭ་མེ་ཟོན་མེ་གསོད། ཉེན་མེད་ཐོན་སྐྱེད་སོགས་ཀྱི་ལས་དོན་ཁག་གཅིག་གྱུར་འཆར་འགོད་ཀྱིས་བསྐུལ་ཏེ། སྤྱི་ཚོགས་སྤྱི་ཡོངས་འཆམ་མཐུན་བརྟན་བརླིང་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས།།

( བདེ་སྐྱིད་ཀྱིས་བསྒྱུར། )