ཉེ་ཆར། རིག་གནས་དང་ཡུལ་སྐོར་པུའུ་ཡིས2026ལོའི་རྒྱལ་ཡོངས་ཀྱི“དུས་བཞིའི་གྲོང་སྡེའི་དགོང་ཚོགས”གཙོ་གནས་དང་དཔེ་སྟོན་འགྲེམས་སྟོན་བྱ་ཡུལ་གྱི་མིང་ཐོ་བསྒྲགས་ནས། སི་ཁྲོན་ཞིང་ཆེན་གྱི་ས་ཆ15མིང་ཐོར་ཚུད་ཡོད། དེའི་ནང་རང་ཁུལ་དར་མདོ་གྲོང་ཁྱེར་ཟུར་རི་ཕུག་སྤྱི་ཁུལ་ཚུད་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན།“དུས་བཞིའི་གྲོང་སྡེའི་དགོང་ཚོགས”ནི་རིག་གནས་དང་ཡུལ་སྐོར་པུའུ་ཡིས་གཉེར་བའི་གྲོང་སྡེའི་མང་ཚོགས་ཀྱི་རིག་གནས་གྲགས་རྟགས་བྱེད་སྒོ་ཞིག་ཡིན་ལ་དེའི་དམིགས་འབེན་ནི་དཔྱིད་དབྱར་སྟོན་དགུན་བཅས་ཀྱི“གྲོང་སྡེའི་དགོང་ཚོགས”དཔེ་སྟོན་འགྲེམས་སྟོན་བརྒྱུད་དེ་གྲོང་སྡེའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་བསྐུལ་ནས་མང་ཚོགས་གར་སྟེགས་ཀྱི་མི་སྣ་གཙོ་བོར་འགྱུར་བ་བྱ་རྒྱུ་དེ་རེད།
བྱེད་སྒོ་དེ་ནི་མང་ཚོགས་རང་སྣང་སྐྱིད་པོའི་མཚན་ཚོགས་ཤིག་ཡིན་པར་མ་ཟད། ཡུལ་བབ་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་དང་ཡུལ་སྡེ་དར་རྒྱས་ཀྱི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་ཀྱང་ཡིན་པས། ཡུལ་མི་ཚོས་རང་རྩོམ་དང་རང་འཁྲབ་བྱས་ཏེ་ཞིང་དང་མུ་ཁའི་ངལ་རྩོལ་གྱི་རྣམ་པ་དེ་ཞབས་བྲོའི་སྟངས་སྟབས་སུ་བསྒྱུར་བ་དང་། ཁྱིམ་བདག་གི་བརྩེ་སེམས་མཚོན་པའི་གཏམ་རྒྱུད་དེ་སྙན་འཇེབས་ལྡན་པའི་གླུ་གཞས་སུ་བསྒྱུར་ཡོད།།
( བདེ་སྐྱིད་ཀྱིས་བསྒྱུར།)
