国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔྱིད་དུས་མྱུར་ཚད་སྤར་ནས་མཐོ་སྒང་མྱུར་བགྲོད་གཞུང་ལམ་གྱི་འགག་སྒོ་གཏོར།

དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་ལས་གྲྭ་ལས་ཝ་ཁྲལ་ཕུག་ལམ་ཨར་ལས་མགྱོགས་སུ་བསྐུལ།

སྤྱི་ཟླ3པའི་ཚེས10ཉིན། ཀྲུང་དབྱང་ལྕགས་ལམ་དང་གྲོང་འཕེལ་མ་འཇོག་དང་ཀྲུང་དབྱང་གཞུང་ལམ་ཅུས་དྲུག་པས་སྒྲུབ་འགན་ཁུར་བའི་དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་ལས་ཝ་ཁྲལ་ཕུག་ལམ་ལས་ཡུལ་དངོས་སུ་འཕྲུལ་ཆས་ཆེ་གྲས་གོ་རིམ་ཡོད་པས་འཁོར་རྒྱུག་བྱེད་བཞིན་པ་དང་ལས་སྒྲུབ་པ་སོ་སོས་རང་འགན་རང་ཁུར་གྱིས་དུང་ཕུག་པ་དང་སྲ་སྲུང་། བཙོག་འབུད་སོགས་བྱས་ནས་ཕུག་ལམ་བརྟན་པོའི་ངང་ཕུག་བཞིན་ཡོད། ཨར་ལས་ཐོན་སྐྱེད་སླར་གསོ་བྱས་རྗེས་དར་མདོ་ནས་ར་རྔ་ཁའི་བར་གྱི་མྱུར་བགྲོད་གཞུང་ལམ་ལས་གྲྭ་པུའུ་ཡིས་རིག་ནུས་ཨར་ལས་ལག་རྩལ་དང་མཐོ་སྒང་གི་ཨར་ལས་ཀྱི་དོན་དངོས་མཉམ་འདྲེས་ཡང་དག་བྱས་ནས་གྲང་ངར་ཆེ་ཞིང་གསོ་རླུང་མི་འདང་དང་། ལོ་ལྟར་འཁྱགས་འཁེངས་པའི་ས། ས་གཤིས་རྙོག་འཛིང་ཆེ་བ། ཕུག་ལམ་ནང་ཝ་སི་རླངས་གཟུགས་འདུས་པ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ནས་བྲག་བསྐོར་བརྟན་པོའི་རང་བཞིན་ཞན་པ་དང་། ཨར་པོ་རྒྱག་དུས་ཉེན་ཁ་ཆེ་བ། ཨར་འདམ་གྱི་སྲ་སྲུང་སྤུས་ཚད་ཚོད་འཛིན་དཀའ་བ་སོགས་ཀྱི་དཀའ་གནད་སེལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཝ་ཁྲལ་ཕུག་ལམ་གྱི་ཕྱིར་བུད་གཡོན་ཕྱོགས་ཕུག་ལམ་དེ་གོང་སྨི1000གི་འགག་སྒོ་ཆེན་པོ་བདེ་བླག་ངང་ལས་བརྒལ་བ་དང་མིག་སྔར་ཕུག་ལམ་གཡས་པ་སྔོག་པའང་བརྟན་པོའི་ངང་སྤེལ་བཞིན་ཡོད་པ། ཨར་ལས་ལས་འགན་ཁག་འཆར་གཞི་ལྟར་གོ་རིམ་ཡོད་པར་སྤེལ་བཞིན་ཡོད། དར་མདོ་ནས་ར་རྔ་ཁ་མྱུར་བགྲོད་གཞུང་ལམ་བསྐྲུན་རྗེས་ཁྲོན་བོད་ས་ཁུལ་གྱི་འགྲིམ་འགྲུལ་འབྲེལ་བ་སྔར་བས་ལེགས་སུ་ཕྱིན་ནས་ལས་གཞི་གལ་ཆེན་གྱི་ཨར་ལས་ལ་ཤར་བགྲོད་འགན་ལེན་ནུས་ལྡན་ཐུབ་རྒྱུ་དང་། ལམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་དང་རིག་གནས་ཡུལ་སྐོར་ཐོན་ཁུངས་གསར་སྦོལ་ལ་སྐུལ་འདེད། ཡུལ་སྡེ་དར་རྒྱས་སྐུལ་འདེད། མི་རིགས་མཐུན་སྒྲིལ་ཇེ་ཟབ་ཏུ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།།

( ལྷ་འཛོམས་ཀྱིས་བསྒྱུར།)