国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲའོ་པོ་ཡིས་ཁུལ་ཨུ་ཞིང་སྡེ་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི2026ལོའི་གྲོས་ཚོགས་ཐེངས་དང་པོར།

ཞན་གསབ་རྨང་བརྟན་བྱེད་ཤུགས་ཆེ་རུ་གཏོང་ཞིང་ཐོན་དར་དམངས་ཕྱུག་ལ་ཤུགས་ཡོད་རྒུས་བསྐུལ་ཏེ། དཀར་མཛེས་ཁུལ་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ གྱི་གནས་བབ་གསར་པ་ཧུར་ཐག་གཏོད་དགོས་ཞེས་གསུངས།

སྤྱི་ཟླ3པའི་ཚེས8ཉིན། ཁུལ་ཨུ་ཞིང་སྡེ་ལས་དོན་འགོ་ཁྲིད་ཚོ་ཆུང་གིས2026ལོའི་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི། འགོ་ཁྲིད་ཚོ་ཆུང་གི་ཚོ་དཔོན་ཀྲའོ་པོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་བ་རེད། ཁོང་གིས“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ཅིང་། ཀྲུང་དབྱང་དང་ཞིང་ཨུའི་གྲོང་གསེབ་ལས་དོན་ཚོགས་འདུའི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་ལ་འཁྱོལ་བ། ཞན་ཆ་གསབ་ཅིང་རྨང་གཞི་སྲ་བརྟན་གཏོང་ཤུགས་མུ་མཐུད་ཆེ་རུ་གཏོང་ཞིང་ཐོན་དར་དམངས་ཕྱུག་ལ་ནུས་ཤུགས་ཡོད་རྒུས་བསྐུལ་ཏེ། དེ་བས་ཏན་ཏིག་གི་བྱེད་ཐབས་ཀྱིས“ཞིང་གསུམ”ལས་དོན་ཡག་པོ་འཛིན་པ་རྒྱུན་འཁྱོངས་ཏེ་དཀར་མཛེས་ཁུལ་གྱི་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་གྱི་གནས་བབ་གསར་པ་ཧུར་ཐག་གཏོད་དགོས་ཞེས་ནན་གསུང་གནང་བ་རེད།

ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡུས་ཆུང་ཚོགས་འདུར་ཞུགས་ཡོད་པ་རེད།

ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ་”ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དེ་བཞིན་ཀྲུང་དབྱང་དང་ཞིང་ཨུའི་གྲོང་གསེབ་ལས་དོན་ཚོགས་འདུ་དང་ཡིག་ཆ་ཨང་དང་པོ་སོགས་ཀྱི་སྙིང་དོན་བརྒྱུད་སྦྱངས་བྱས་པར་མ་ཟད། འབྲེལ་ཡོད་ལས་དོན་སྙན་ཞུར་ཉན་ཞིང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།

ཚོགས་འདུར་ནན་གསུང་གནང་དོན། དུས་རབས་གསར་པའི་ཆུ་ཚད་དེ་བས་མཐོ་བའི“སི་ཁྲོན་འབྲུ་མཛོད”འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་དང་། རྒྱུན་ཚུལ་ཅན་གྱིས་དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་མ་ལག་འཐུས་ཚང་དུ་གཏང་དགོས། དབྱེ་འབྱེད་གནད་སྨིན་དང་མགྱོགས་མྱུར་དང་ལེན་གྱི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཡུལ་སྡེ་རིམ་པ་གཉིས་ཀྱི་རྒྱུན་ཚུལ་ཅན་གྱི་ལྟ་ཞིབ་ཚད་ལེན་ཡང་དག་པ་བྱ་དགོས། “གཙང་གསུམ་རྒྱུད་དྲུག”དེང་རབས་ཞིང་ཐོན་ལ་བརྟེན་ནས་རྒྱལ་ཁབ་རིམ་པའི་ནོར་གནག་ཁྱུ་ཚོགས་འཛུགས་པའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། “འདུ་འགོད་ཁྲི་སྟོང་”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་མུ་མཐུད་ཁ་གསབ་བཅས་བྱས་ཏེ་ཁམས་ཀྱི་བྲོ་བ་དང་མཐོ་སྒང་གི་ཁྱད་ཆོས་མངོན་པའི་ཞི་མཐུན་མཛེས་སྡུག་གི་ཡུལ་སྡེ་ཧུར་ཐག་བསྐྲུན་དགོས།

ཚོགས་འདུར་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ལ་སྐུལ་བ་ནི་རྒྱུད་རིམ་རང་བཞིན་དང་ཁྱོན་ཡོངས་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པས་ཕྱོགས་ཁག་གིས་གཞོགས་འདེགས་དམ་ཟབ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཐུན་སྦྱོར་བྱ་དགོས། རྫོང(གྲོང་ཁྱེར)ཁག་གི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་བ་དང་། རིམ་ཁག་ཏང་ཨུ་དང་ཞིང་ལས་གཞུང་དོན་ཁང་གིས་སྣེ་ཁྲིད་དེ་སྤྱི་ཡོངས་དམ་འཛིན་དང་གཅིག་གྱུར་འཆར་འགོད་མཐུན་སྦྱོར་གྱིས་ནུས་པ་འདོན་སྤེལ་བྱེད་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་རང་འགན་རང་འཁུར་དང་འགན་འཁྲི་ཁུར་ཕོད་པ། སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་བ། ཡུལ་སྡེ་དར་རྒྱས་འཐབ་ཇུས་ཀྱི་གྲུབ་འབྲས་དངོས་དཔྱད་ཞིབ་ཡག་པོ་བྱེད་པ། “ཞིང་གསུམ”ཁྱབ་ཁོངས་ཀྱི་ཞིང་ཨུའི་སྐོར་ཞིབ་ཕྱིར་བསློགས་གནད་དོན་དག་ཐེར་ལེགས་བཅོས་ཏན་ཏིག་བྱེད་པ། ལས་ཀ་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)