སྤྱི་ཟླ3པའི་ཚེས18ཉིན། ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ནས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཚོགས་འདུ་གལ་ཆེན་དང་ཡིག་ཆའི་སྙིང་དོན་བརྒྱུད་སྦྱངས་བྱས་པ་དང་། རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ཞིབ་འཇུག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་བ་རེད།
ཚོགས་འདུར་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ལས་དོན་ཚོགས་འདུ་སོགས་ཚོགས་འདུའི་སྙིང་དོན་བརྒྱུད་སྦྱངས་བྱས། ཚོགས་འདུར་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་ཁྲིམས་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་ཏེ། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་ཐབས་དང་། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་འགན་སྲུང་། དཔལ་འབྱོར་སྤྱི་ཚོགས་གོང་དུ་སྤེལ་བར་ཞབས་འདེགས་ཞུ་བའི་ལས་དོན་ཁག་གཅིག་གྱུར་འཆར་འགོད་ཀྱིས་ལེགས་པར་བསྒྲུབ་དགོས་པ་དང་། ཉེན་རྟོག་པ་ནན་སྐྱོང་དང་དཔུང་ཁག་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་ཏེ། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་ཆབ་སྲིད་བྱང་ཚད་དང་། ཁྲིམས་སྐྱོང་འདུ་ཤེས། ལས་སྒོའི་ནུས་པ་བཅས་ཆེ་རུ་གཏོང་བ་རྒྱུན་འཁྱོངས་ནས། ལྷག་བསམ་རྣམ་དག་དང་སྤྱོད་གཙང་འགན་འཁུར་བཅས་ཀྱི་དུས་རབས་གསར་པའི་སྲིད་ཁྲིམས་དམག་ཧྲག་འཛུགས་སྐྱོང་བྱས་པ་དང་། རྒྱལ་ཁབ་ཀྱི་ཆབ་སྲིད་ཉེན་མེད་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་བརླིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་དཀར་མཛེས་ཁུལ་དང་ཁྲིམས་སྐྱོང་དཀར་མཛེས་ཁུལ་འཛུགས་སྐྲུན་ཧུར་ཐག་བྱ་དགོས།
ཚོགས་འདུར་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཚོགས་འདུའི་སྙིང་དོན་བརྒྱུད་སྦྱངས་བྱས་ཤིང་། ཚོགས་འདུར་བསྟན་དོན། དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ཏེ། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་ཚད་ལྡན་ངང་དོ་དམ་བྱ་རྒྱུར་ཤུགས་བརྒྱག་པ་དང་། ཆོས་ལུགས་ལས་རིགས་ཀྱི“འདུ་ཤེས་གསུམ”གྱི་སློབ་གསོའི་གྲུབ་འབྲས་རྒྱ་ཆེར་དང་གཏིང་ཟབ་ཏུ་བཏང་ནས། ཆོས་ལུགས་ཞི་མཐུན་དང་སྤྱི་ཚོགས་ཡ་རབས། མི་རིགས་མཐུན་སྒྲིལ་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏང་དགོས། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་བརྒྱག་པ་དང་ཁུལ་ཡོངས་ཀྱི་ཏང་ཕྱིའི་མི་སྣས་ལས་འགན་གཙོ་བོ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུར་རྒྱབ་སྐྱོར་བྱས་ཏེ།འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་ཡིད་ཆེས་དང་སྟོབས་ཤུགས་ཆེན་པོ་རྒྱ་ཁྱབ་ངང་གཅིག་ཏུ་བསྒྲིལ་དགོས།
ཚོགས་འདུར་ད་དུང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་པུའུ་ཀྲང་གི་ཚོགས་འདུ་དང་ཞིང་ཆེན་ཏང་ཨུ་དྲིལ་སྒྲོག་བསམ་བློ་རིག་གནས་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྙིང་དོན་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་ཚོགས་འདུའི་སྙིང་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ལས་དོན་ལ་སྐུལ་བའི་ཚོགས་འདུའི་སྙིང་དོན་བཅས་བརྒྱུད་སྦྱངས་བྱས་པ་རེད།།
( བདེ་སྐྱིད་ཀྱིས་བསྒྱུར།)
