国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲའོ་པོ་ཡིས་ཁུལ་ཨུ་དྲིལ་སྒྲོག་བསམ་བློ་རིག་གནས་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་གཙོ་སྐྱོང་གནང་སྐབས།

ཁུལ་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་རིག་གནས་ལས་དོན་གྱི་རྣམ་པ་གསར་པ་བཏོད་ནས་དཀར་མཛེས་ཁུལ་ དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་པར་སྟོབས་ཤུགས་བསྒྲིལ་དགོས་ཞེས་ནན་གསུང་གནང་།

སྤྱི་ཟླ3པའི་ཚེས19ཉིན། ཁུལ་ཨུ་དྲིལ་སྒྲོག་བསམ་བློ་རིག་གནས་ལས་དོན་འགོ་ཁྲིད་ཚོ་ཆུང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི། འགོ་ཁྲིད་ཚོ་ཆུང་གི་ཚོ་དཔོན་ཀྲའོ་པོ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་ལ་ནན་ཏན་འཁྱོལ་ཏེ་བདེན་སྲུང་གསར་གཏོད་དང་མ་སྐུལ་དང་ལེན་གྱིས་འགན་འཁྲི་ཁུར་ནས་བྱས་རྗེས་འཇོག་པ་རྒྱུན་འཁྱོངས་ཏེ། ཁུལ་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་རིག་གནས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་ནས་དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་ཆེད་སྟོབས་ཤུགས་གཅིག་ཏུ་བསྒྲིལ་དགོས་ཞེས་ནན་གསུང་གནང་བ་རེད།

ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། དེ་བཞིན་རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གི་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་བསམ་བློ་རིག་གནས་ལས་དོན་འགོ་ཁྲིད་ཚོ་ཆུང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཚོགས་འདུའི་སྙིང་དོན་བརྒྱུད་སྦྱངས་བྱས་ནས་འབྲེལ་ཡོད་ལས་དོན་སྙན་སེང་ལ་ཉན་འཇོག་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པ་རེད། ཚོགས་འདུར་འདས་ཟིན་པའི་ལོ་གཅིག་རིང་ཁུལ་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་དང་རིག་གནས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་བྱས་པ་དང་ད་ལོའི་གཙོ་གནད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུར་བསྟན་དོན། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་བཅང་རྒྱུ་ལས་ཀའི་གཙོ་ཕྱོགས་སུ་བྱ་རྒྱུ་རྒྱུན་འཁྱོངས་ཏེ། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ་དང་འདུ་ཤེས་འཛིན་སྟངས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་བཏང་ནས་རིན་ཐང་གཙོ་བོའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། རིག་གནས་འཕེལ་རྒྱས་ཀྱི་འདེགས་སྐྱོར་ནུས་པ་ཆེ་རུ་བཏང་སྟེ་མྱུར་སྒྲུབ་ལ་བརྩི་མཐོང་དང་། དངོས་སྒྲུབ་ལ་ཧུར་བརྩོན། དཀའ་སྒྲུབ་ལ་མི་སྐྲག།ཐབས་སྒྲུབ་ལ་མཁས་པ་བཅས་ཀྱི་ལས་ཀའི་བླང་བྱ་གསལ་པོར་བྱས་ཏེ། དཀར་མཛེས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་བསམ་བློའི་འགན་ལེན་དང་བསམ་པའི་སྟོབས་ཤུགས། རིག་གནས་ཀྱི་ཆ་རྐྱེན་མཁོ་འདོན་བྱ་དགོས།།

( བདེ་སྐྱིད་ཀྱིས་བསྒྱུར།)