国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྒྱུ་ལའི་ཕུག་ལམ་འཛུགས་སྐྲུན་གྱི་བརྒྱ་ཆ་བདུན་ཅུ་ལས་ཚར་ཡོད།

2027ལོར་ཨར་ལས་འགྲུབ་རེ་ཡོད།

5340_01B_20260323རྒྱུ་ལའི་ཕུག་ལམ་འཛུགས་སྐྲུན་ཡུལ་དངོས།

ཆ་སྙོམས་མཚོ་འཕགས་སྨི4000ལྷག་ཡོད་པའི་ཁྲོན་ནུབ་མཐོ་སྒང“ཁམས་ཀྱི་འགག་སྒོ་དང་པོ”ཡི་ལོ་རྒྱུས་བསྒྱུར་བའི་ལས་གྲྭ་སྟེ་རྒྱུ་ལ་ཕུག་ལམ་ནས་གནས་ཚུལ་གསར་ཤོས་ཤིག་བྱུང་ཡོད། ཉེ་ཆར་གསར་འགོད་པས་ཡུལ་དངོས་སུ་བཅར་འདྲི་བྱས་པར་གཞིགས་ན། ལམ་རྒྱུད་ཀྱི་མང་ཚོགས་དང་འགྲོ་འོང་འགྲུལ་པས་རེ་སྒུག་ཆེན་པོ་བྱེད་པའི་ཕུག་ལམ་དེའི་བརྒྱ་ཆ་བདུན་ཅུ་ཙམ་ཕུག་ཟིན་པ་དང་། འཛུགས་སྐྲུན་པ་ཚོས་ད་ལྟའི་དུས་མཚམས་སུ་ཤུགས་ཡོད་རྒུས་འགག་སྒྲོལ་གདོང་མཆོང་བྱེད་བཞིན་ཡོད་པ་དང་འཆར་གཞི་ནི2027ལོའི་ལོ་མཇུག་ཏུ་བསྐྲུན་ཟིན་རྩིས་ཡོད་པ་རེད། སྐབས་དེ་དུས་རྒྱུ་ལ་བརྒལ་བའི་རླངས་འཁོར་གྱི་ལམ་ཐག་ཆུ་ཚོད་གཅིག་ཙམ་དེ་སྐར་མ་བཅུ་ཙམ་གྱི་བར་ལ་བསྟུངས་ཐུབ་པ་དང་དུས་མཉམ་དུ་གངས་འཁྱགས་ཀྱིས་རི་བོ་བཀག་ནས་འགྲོ་ལམ་འགག་པ་དང་དུས་ཡུན་རིང་པོར་འགྲིམ་འགྲུལ་འགག་མདོ་འཚང་པའི་དཀའ་ངལ་རྦད་དེ་བསལ་ཐུབ་ནས་བོད་ལྗོངས་སུ་སྐྱོད་པའི་ལམ་གལ་ཆེན་དེར་རླངས་འཁོར་ཉིན་མཚན་མེད་པར་བདེ་བགྲོད་ཐུབ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྒྱུ་ལ་ཕུག་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ8.415ཡོད་པ་དང་ལས་གཞི་ལ་རགས་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར14.755བཏང་ཡོད། རྒྱལ་ལམ318ལམ་རྒྱུད་ཀྱི་དར་མདོ་ནས་ར་རྔ་ཁ་ལམ་མཚམས་འགག་རྩའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་ཡིན། ས་ཡོམ་གྱི་གཏོར་ཚད་མཐོ་བའི་ས་ཁོངས་སུ་གནས་པ་དང་གས་སྲུབས་ས་རྒྱུད། ཆུ་འཕྱུར་ས་རིམ་བཅས་ལ་འཕྲད་པས་འཛུགས་སྐྲུན་གྱི་དཀའ་ཚད་ཧ་ཅང་མཐོ་བ་ཡིན།

( པར་ངོས་གཉིས་པར་གཟིགས།)