■ ཉེ་ཆར། རྒྱལ་ཡོངས“ཡིད་རྟོན་མི་སྣ་གྲགས་ཅན”གྱི་མཚན་སྙན་ཐོབ་མཁན་དང་། བྲག་མགོ་རྫོང་གི་འཚོ་སྐྱོང་དམའ་སྐྱོར་གྱི་ཆེད་མཁས་པའི་བློ་འདྲི་ཚོགས་པའི་ཁོངས་མི་ཧན་ཡུས་དང་བཅས་པ་བྲག་མགོ་རྫོང་དུ་བསྐྱོད་དེ་ཐོན་ལས་འཕེལ་རྒྱས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཐད་ཆེད་དོན་རྟོག་ཞིབ་བྱས་པ་རེད།།
■ ཉེ་ཆར། དཀར་མཛེས་ཁུལ་དཔེ་མཛོད་ཁང་གི་འབྲེལ་ཡོད་ལས་སྒྲུབ་པ་བྱིས་པ་ཕན་བདེ་ཁང་དང་སྐྱེ་བོ་ན་མ་སོན་པའི་སྲུང་སྐྱོང་ལྟེ་གནས་སུ་བསྐྱོད་ནས་ཚན་རིག་བཀླགས་ཏེ་ཤེས་རྒྱ་བསྐྱེད་ཅེས་པའི་གཙོ་དོན་སྤྱི་ཕན་བྱེད་སྒོ་སྤེལ།།
■ སྤྱི་ཟླ3པའི་ཚེས22ཉིན། དཀར་མཛེས་ཁུལ་གྱི་སྡེ་ཚན་མང་པོས་མཉམ་འབྲེལ་ཐོག་གཉེར་བའི་ཚན་རིག་སྦྱངས་ནས་ཤེས་གསར་འཕེལ་ཞེས་པའི་དངོས་སླེབས་ཡི་རང་ཅན་གྱི་ཚན་རིག་ཁྱབ་གདལ་མྱོང་རོལ་བྱེད་སྒོ་དར་མདོར་སྤེལ།།
■ སྤྱི་ཟླ3པའི་ཚེས22ཉིན། ལི་ཐང་རྫོང་གིས“འཛམ་གླིང་ཆུའི་ཉིན་མོའི”གཙོ་དོན་དྲིལ་སྒྲོག་བྱེད་སྒོ་སྤེལ་ཏེ། རྣམ་པ་སྣ་མང་དང་གཞི་རིམ་དང་མཐུན་པའི་དྲིལ་སྒྲོག་བྱེད་སྟངས་སྤྱད་དེ་མང་ཚོགས་ལ་ཆུ་བེད་ཤེས་བྱ་ཁྱབ་གདལ་བཏང་ནས་ཆུའི་ཐོན་ཁུངས་སྲུང་སྐྱོང་གི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ།།
■ སྤྱི་ཟླ3པའི་ཚེས23ཉིན། “གནས་མཆོག་དཀར་མཛེས་སུ། མཉམ་འཛོམས་དུས་ཆད་ཡོད”ཅེས་པས་གཙོ་དོན་བྱེད་པའི་རྟའུ་རྫོང་གི2026ལོའི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཚོགས་ཆེན་དང་ཁམ་མ་མེ་ཏོག་སྐྱེ་ཁམས་རིག་གནས་ཉམས་ལེན་གཟའ་འཁོར་སྐབས་དང་པོའི་བྱེད་སྒོ་རབ་དང་རིམ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཁྲེང་ཏུའུ་ལ་འཚོགས་པ་རེད།།
■ ཉེ་ཆར། དར་མདོ་གྲོང་ཁྱེར་ཧུའེ་རིགས་སློབ་ཆུང་གིས་ཚེ་སྲོག་གིས་ཕུགས་འདུན་སྐྲུན་པ་དང་ཚན་རྩལ་གྱིས་ནུས་པ་འདོན་ཞེས་པ་གཙོ་དོན་དུ་བྱས་པའི་སློབ་གྲྭའི་ཚན་རྩལ་དུས་ཆེན་སྐབས་དྲུག་པ་སྤེལ་བ་རེད།།
( སྐལ་བཟང་རྒྱ་མཚོས་བསྒྱུར།)
