སྤྱི་ཟླ3པའི་ཚེས16ཉིན་ནས་བཟུང་བོད་ལྗོངས་ས་གནས་ཁག་གི་ཞིང་ཁུལ་དུ་རྨོད་གཉའ་གཅོག་པའི་མཛད་སྒོ་ཆེན་པོ་སྤེལ་ཏེ་དཔྱིད་རྨོད་ལ་བྲེལ་བའི་འགོ་བཙུགས། ལྷོ་ཁ་གྲོང་ཁྱེར་སྐྱེད་པ་ཡུལ་ཤོག་སྐྱེད་པ་གྲོང་སྡེའི་ཡུལ་མི200ལྷག་གིས་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་དམངས་སྲོལ་རྒྱུན་བསྐྱངས་ཏེ་ལུས་ལ་གཟབ་མཆོར་སྤྲས་པ་དང་ལག་ཏུ་གྲོ་སོ་ཕྱེ་མར་བཏེགས་ནས་བཀྲ་ཤིས་སྨོན་འདུན་ཞུ་བ་དང་ཞིམ་མངར་མཆོད་ཆང་འགྱོག་རེས་བྱེད། ཐོང་མཁན་གྱིས་ས་སློག་མ་ཐག་སོན་མས་སོན་གཏོར་ཏེ་ལོ་གསར་པར་ལོ་ལེགས་ཡོང་བའི་བཀྲ་ཤིས་སྨོན་ལམ་འདེབས་ཀྱིན་ཡོད།།
( བདེ་ཆེན་གྱིས་བསྒྱུར།)
