ཉེ་ཆར་ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ལྕགས་ཟམ་རྫོང་དུ་བརྟག་ཞིབ་ལ་ཕེབས། ཁོང་གིས“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་རིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ནས་འབྲུ་རིགས་ཉེན་མེད་ཀྱི་རྨང་གཞི་བརྟན་པོ་བཏིང་སྟེ་ཡུལ་སྡེ་ཁྱད་ཆོས་ཐོན་ལས་སྟོབས་ཆེར་གཏོང་བ་དང་། དངོས་སྒྲུབ་གྲུབ་འབྲས་དངོས་ཀྱིས་ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་བསྐུལ་དགོས་ཞེས་ནན་གསུང་གནང་།
ད་སྔར་དཔྱིད་རྨོད་ཀྱི་དུས་ལ་འཁེལ་ཞིང་ཞིང་ལས་ཐོན་སྐྱེད་ཀྱི་འགག་རྩའི་དུས་སྐབས་ལ་སླེབས་པས་ལྕགས་ཟམ་རྫོང་ལ་ངོས་ཡུལ་ཤོག་ཏུ་ཀྲའོ་པོ་ཞིང་ཁར་ཕེབས་ནས་ཡུལ་དངོས་སུ་དཔྱིད་རྨོད་དང་། སོན་འདེབས། དཔྱིད་རྨོད་དོ་དམ་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་དང་སྲིད་ཇུས་དོན་འཁྱོལ། ལག་རྩལ་ཞབས་ཞུ། ཞིང་ལས་འཕྲུལ་ཆས་ཁྱབ་གདལ་སོགས་ཀྱི་ལས་ཀར་ཆ་རྒྱུས་ཞིབ་ཕྲ་གནང་བ་རེད། ཁོང་གིས་དཔྱིད་རྨོད་གྲ་སྒྲིག་ནི་ལོ་ཧྲིལ་པོའི་ཞིང་ལས་ཐོན་སྐྱེད་ཀྱི་གནད་ཚིགས་གཙོ་བོ་དང་རྨང་གཞི་ཡིན་པས་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་གྱིས་འབྲུ་རིགས་ཉེན་མེད་ཀྱི་ཏང་སྲིད་འགན་འཁྲི་གཅིག་མཚུངས་ཀྱི་བྱེད་པོའི་འགན་འཁྲི་ཁྱོན་ཡོངས་ནས་དོན་ལ་འཁྱོལ་ཏེ་ཞིང་ལས་དུས་ཚོད་དམ་འཛིན་དང་ཞབས་འདེགས་ཡུལ་དངོས་སུ་ཞུ་བ། སོན་བཟང་དང་བྱེད་ཐབས་བཟང་པོ་ཁྱབ་གདལ་ཤུགས་ཆེན་བཏང་ནས་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བར་ཁག་ཐེག་དང་། འབྲུ་རིགས་ཐོན་སྐྱེད་དང་རྨོ་ཞིང་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས་འབྲུ་རིགས་འདེབས་ཁྱོན་བརྟན་པོ་ཡོང་བ་བྱ་དགོས། སྔོན་ཐོན་དང་སྤྱོད་འོས་པའི་ཞིང་སྤྱོད་འཕྲུལ་ཆས་བེད་སྤྱོད་ཁྱབ་གདལ་མགྱོགས་སུ་གཏོང་ཞིང་། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། ཞིང་པར་སྔར་ལས་ཁྱོན་ཡོངས་དང་ཆེད་ལས་ཅན་གྱི་ཞབས་ཞུ་བྱེད་པ། ཞིང་ལས་དུས་ཚོད་མི་འགོར་བ་དང་གདབ་དགོས་ངེས་ཐམས་ཅད་འདེབས་པར་ཁག་ཐེག་བྱས་ཏེ། ལོ་ཧྲིལ་པོའི་འབྲུ་རིགས་ལོ་ལེགས་ཡོང་བར་རྨང་གཞི་བརྟན་པོ་གདིང་དགོས་ཞེས་གསུངས།
བརྟག་ཞིབ་རིང་ལ་ཀྲའོ་པོ་ཡིས་ད་དུང་ལྕགས་ཟམ་རྫོང་གི་ཕག་གསོ་ཚགས་གནས་ཚུལ་གྱི་ངོ་སྤྲོད་ལ་གསན་པ་དང་ཁོང་གིས་ཁྱད་ཆོས་ཕག་གསོའི་སྤུས་རྟགས་གཏོད་པ་དང་། ཐོན་ལས་འབྲེལ་ཐག་སྣུར་སྲིང་། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཆེ་རུ་གཏོང་བར་ཤུགས་བརྒྱབ་ནས་ལ་ངོས་ཀྱི་ཕག་ཤ་དང་ཤ་བསྙལ་སོགས་ཁྱད་ཆོས་ལྡན་པའི་ཕྱུགས་ལས་ཐོན་རྫས་སྤུས་ལེགས་ཁྲོམ་རར་བཏོན་པ་དང་ཁྱིམ་ཚང་གི་གསོལ་ལྕོག་དེ་བས་མང་བར་བཤམ་ཐུབ་པ་བྱས་ཏེ་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་དང་ཞིང་པའི་ཡོང་འབབ་འཕར་བར་བསྐུལ་ནས་ཡུལ་སྡེ་དར་རྒྱས་ལ་སྒུལ་ཤུགས་སྤྲད་དགོས་ཞེས་གསུངས་པ་རེད།
ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ་བཅས་ཀྱི་ཐད་ཤུགས་ཆེན་བརྒྱབ་ནས་ལན་ཨན་ཕག་ཤ་དང་ཤ་བསྙལ་སོགས་ཁྱད་ཆོས་སྤུས་ལེགས་ཕྱུགས་རིགས་ཐོན་རྫས་དེ་བས་ཡངས་ཤིང་རྒྱ་ཆེ་བའི་ཚོང་རར་བཏོན་པ་དང་ཁྱིམ་ཚང་དེ་བས་མང་བའི་གསོལ་ལྕོག་ཐོག་སྟེར་ཐུབ་པ་བྱས་ཏེ་ཞིང་ལས་ཀྱི་ཕན་འབྲས་ཆེ་གཏོང་དང་ཞིང་པའི་འབབ་འཕར་ལ་བསྐུལ་ཏེ་ཡུལ་སྡེ་དར་རྒྱས་ལ་ནུས་པ་སྤྲོད་དགོས་ཞེས་ནན་གསུང་གནང་བ་རེད། ཁུལ་མགོ་ཁྲིད་ཝང་ཞིང་ཆོན་དང་ཡོན་ཀང་། ལྕགས་ཟམ་རྫོང་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་བརྟག་ཞིབ་ཏུ་ཞུགས་ཡོད།།
( ལྷ་འཛོམས་ཀྱིས་བསྒྱུར།)
