国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་སྲིད་གྲོས་ཁོངས་གཏོགས་ཀྱི“དམིགས་པ་གསུམ་དང་བརྩོན་ལེན་གསུམ”གྱི་ལས་དོན་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས།

སྤྱི་ཟླ3པའི་ཚེས20ཉིན་ལ་ཁུལ་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱི“དམིགས་པ་གསུམ་དང་བརྩོན་ལེན་གསུམ”གྱི་ལས་ཀ་སྐུལ་སློང་དང་བཀོད་སྒྲིག་ཚོགས་འདུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི། ཏང་ཚན་ཁག་གི་ཧྲུའུ་ཅི་ཝང་ཡུས་ཆུང་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་བ་རེད། ཁོང་གིས་སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་བའི་སློབ་གསོ་སློབ་སྦྱོང་དེ་འགན་འཁྲི་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོར་ཟབ་འདྲེས་བྱས་ནས་དམངས་ལ་བདེ་སྐྱིད་གཉེར་བ་ནི་སྲིད་འགན་ལག་རྗེས་གྲུབ་འབྲས་ཆེ་ཤོས་ཡིན་པའི་འདུ་ཤེས་བརྟན་པོ་བཅངས་ཤིང་། ཁུལ་ཨུའི་མྱུར་སྒྲུབ་ལ་བརྩི་མཐོང་དང་། དངོས་སྒྲུབ་ལ་ཧུར་བརྩོན། དཀའ་སྒྲུབ་ལ་མི་སྐྲག། ཐབས་སྒྲུབ་ལ་མཁས་པའི་གཙོ་དོན་ལག་ལེན་བྱེད་སྒོའི་བཀོད་སྒྲིག་ལ་དམ་པོར་དམིགས་པ་དང་།“འགོ་འཛུགས་མ་ཐག་མཇུག་འགྲན་དང་གོམ་པ་སྤོ་མ་ཐག་མཐའ་མའི་གདོང་མཆོང”གི་མདུན་སྐྱོད་ཀྱི་ཉམས་འགྱུར་ཐོག་ནས་དཀར་མཛེས་ཁུལ་བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་བརྒལ་གྱི་འཕེལ་རྒྱས་གནས་བབ་ཆེན་པོར་མ་སྐུལ་དང་བླངས་ཀྱིས་ཞུགས་དགོས་ཞེས་ནན་གསུང་གནང་བ་རེད།

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཏང་ཚན་ཁག་གི་ཧྲུའུ་ཅི་གཞོན་པ་ལིའུ་ཙུང་ཅན་གྱིས་ཚོགས་འདུ་གཙོ་སྐྱོང་བྱས་ཤིང་། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྙིང་དོན་བརྒྱུད་བསྒྲགས་བྱས་པ་རེད། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ནན་ཧུང་གིས“དམིགས་པ་གསུམ་དང་བརྩོན་ལེན་གསུམ”གྱི་ལས་ཀ་བཀོད་སྒྲིག་བྱས་པ་དང་། ལྕགས་ཟམ་དང་རྟའུ། འབའ་ཐང་བཅས་རྫོང་གསུམ་གྱི་སྲིད་གྲོས་དང་ཁུལ་སྲིད་གྲོས་དཔལ་འབྱོར་ཨུ་ལྷན་གྱིས་གཙོ་དོན་ལ་དམིགས་ནས་སྤེལ་རེས་གཏམ་བཤད་བྱས་པ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)