ལོ་འགོ་བཙུགས་པ་ནས་བཟུང་། དཀར་མཛེས་ཁུལ་གྱིས་སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་བཀོད་སྒྲིག་བླང་བྱ་ལག་ལེན་མཐར་ཕྱིན་བསྟར་ཞིང་། མྱུར་སྒྲུབ་ལ་བརྩི་མཐོང་དང་དངོས་སྒྲུབ་ལ་ཧུར་བརྩོན། དཀའ་སྒྲུབ་ལ་མི་སྐྲག། ཐབས་སྒྲུབ་ལ་མཁས་པ་བཅས་ཀྱི་བླང་བྱ་དོན་ལ་འཁྱོལ་ནས། དུས་ཚིགས་དང་པོའི་དཔལ་འབྱོར་གྱི་འགོ་ཡག་པོ་འཛུགས་པའི་དམིགས་འབེན་ལ་དམིགས་ཤིང་། ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། ལས་གཞིར་འགག་སྒྲོལ། འཛད་སྤྱོད་ལ་སྐུལ་བ། གྲུབ་རྐྱེན་གཙོ་བོ་འགན་སྲུང་བཅས་ལ་སྤྱི་འདོམས་བྱས་པར་བརྟེན། ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་ཤུགས་ཆེ་རུ་མངོན་ཞིང་། མ་དངུལ་འཇོག་ཚད་མགྱོགས་པོ་བྱུང་བ་དང་། འཛད་སྤྱོད་བརྟན་པོའི་ངང་བསྐྱར་འཕར་བྱུང་བ། བཟོ་ལས་ཀྱི་གནོན་ཤུགས་ཐེག་ཚད་ལེགས་སྒྲིག་ཐུབ་པ་བཅས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་མངོན།
ཁུལ་ཡོངས་ཀྱི་ཟླ་རེ་རེའི་དཔལ་འབྱོར་དམིགས་ཚད་ཁག3གྱི་ནང་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་དང་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་གྱི་དམིགས་ཚད་ཁག2ཀྱི་འཕར་ཚད་ཞིང་ཆེན་ཡོངས་ཀྱི་མདུན་གྲས་སུ་ཚུད་པ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་ལ་ལས་རིགས་ཀྱི་གྲུབ་ཆའི་རང་བཞིན་གྱི་ཤུགས་རྐྱེན་ཐེབས་པས་འཕར་ཚད་གནས་སྐབས་ཞིང་ཆེན་ཡོངས་ཀྱི་ཨང་གསུམ་པའི་གྲས་སུ་ཚུད་ཡོད།
གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད་མཐོ་བ་དང་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང2པ་ཡིན། འཛད་སྤྱོད་ཁྲོམ་ར་བརྟན་པོའི་ངང་སླར་གསོ་བྱུང་བ་དང་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། བཟོ་ལས་དཔལ་འབྱོར་གྱི་གནོན་ཤུགས་ཐེག་ཚད་ལེགས་སྒྲིག་ཐུབ་ཅིང་ལས་རིགས་ཀྱི་གྲུབ་ཚུལ་དབྱེ་འགྱུར་མངོན་གསལ་བྱུང་ཡོད་པ་རེད།།
( བདེ་སྐྱིད་ཀྱིས་བསྒྱུར།)
