国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྡེ་དགེ་རྫོང་གིས་རིག་གནས་བརྒྱུད་འཛིན་བྱས་ནས་ ཐོན་ལས་དར་རྒྱས་བཏང་།

5025_02B_20260323པར་ཤིང་བསྐྱར་རྐོ་བྱེད་བཞིན་པ།

བཀྲ་རྡོས་ལག་ཏུ་རྐོ་གྲིས་བཟུང་ནས་ཞིབ་ཚགས་ཀྱིས2025ལོའི་བསྐྱར་བརྐོས་པར་ཤིང་གི་ཆེས་མཐའ་མའི་པར་ཤིང་དེ་རྐོ་ཞོར་པར་ཤིང་རྐོ་ཐེངས་རེ་རེ་ནི་མེས་པོ་གོང་མ་ཚོ་དང་གླེང་མོལ་བྱེད་ཐེངས་རེ་རེ་ཡིན་པ་དང་འདྲ་ཞེས་སེམས་འགུལ་ཆེན་མོས་དེ་ལྟར་བཤད། ད་སྔར། བཤམས་སྟོན་ཁང་དུ་ཉར་ཡོད་པའི་གནའ་བོའི་པར་ཤིང་ཁྲི22.8ད་བར་ལག་པས་པར་འདེབས་བྱེད་ཀྱིན་ཡོད། དེ་ནི་བོད་འབྲེལ་ས་ཁུལ་དུ་བརྒྱུད་འཛིན་ཉམས་མེད་པའི་བརྐོས་རིས་ལག་རྩལ་འབའ་ཞིག་དེ་ཡིན་པས་ཀྲུང་གོའི་ཉམས་མེད་པའི་པར་འདེབས་ལག་རྩལ་བརྒྱུད་འཛིན་གྱི་འགྱུར་རྡོ་གསོན་པོ་ཞིག་ཏུ་གྱུར་ཡོད།

ཉེ་ཆར། སྡེ་དགེ་པར་སྐྲུན་ཁང་གི་པར་བརྐོས་ཡིག་ཚགས་དེ《འཛམ་གླིང་དྲན་ཤེས་རྒྱལ་སྤྱིའི་མིང་ཐོ》སྙན་ཞུའི་ལས་དོན་སྐུལ་འདེད་འགོ་ཁྲིད་ཚོ་ཆུང་གི་ཆེད་མཁས་པའི་ཁོངས་མིའི་བཞུགས་མོལ་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་པ་རེད། ཚོགས་འདུར་སྡེ་དགེ་རྫོང་ཡིག་ཚགས་ཁང་གི་མགོ་གཙོ་ཟླ་བ་ཡེ་ཤེས་ཀྱིས་ང་ཚོས་སྲུང་སྐྱོང་བྱ་རྒྱུ་ཤིང་ལེབ་དེ་དག་ཙམ་མ་ཡིན་པ། མེས་པོའི་བློ་གྲོས་ཀྱི་སྙིང་བཅུད་དེ་མིའི་རིགས་ཡོངས་ཀྱིས་ཐུན་མོང་ཐོག་གཅེས་འཛིན་བྱེད་པའི་ཤེས་དཔལ་གྱི་རྒྱུ་ནོར་ཞིག་ཏུ་འགྱུར་རྒྱུ་དེ་ཡིན་ཞེས་བརྗོད། ལོ་ངོ་སྟོང་གི་རིག་གནས་ཀྱི་སྙིང་བཅུད་ཉར་བའི་པར་ཤིང་དེ་དག་མ་ལག་ཅན་གྱིས་སྲུང་སྐྱོང་དང་སྙན་ཞུའི་ལས་དོན་བརྒྱུད་དེ་སྡེ་དགེ་པར་ཁང་གི་ཡིག་ཚགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི《འཛམ་གླིང་དྲན་ཤེས་རྒྱལ་སྤྱིའི་མིང་ཐོར》ར་ཚུད་རྒྱུར་སྐུལ་བཞིན་ཡོད།

སྡེ་དགེ་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་འགན་འཁུར་བས་ཡུལ་སྐོར་བས་ཡུལ་ལྗོངས་ཁོ་ནར་ལྟ་བ་ཙམ་མ་ཡིན་པར། ཁོང་ཚོས་རིག་གནས་ཀྱི་སྙིང་པོར་ཤེས་འདོད་ཡོད་པ་རེད་ཅེས་བཤད། དཀར་མཛེས་ཁུལ་གྱིས་ལྗོངས་ཁུལ་གྱི་སྒོ་འཛིན་ཚེ་གང་ལམ་ལུགས་ལག་ལེན་བསྟར་བ་དང་བསྟུན་ནས། སྡེ་དགེ་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས2026ལོའི་ཟླ་བ3པའི་ཚེས1ཉིན་ནས་ཟླ་བ5པའི་ཚེས30ཉིན་བར་ལག་བྱང་ཉོས་ཡོད་ན་རྫོང་ཁོངས་ཀྱིAརིམ་པའི་ལྗོངས་ཁུལ11ལ་རིན་མེད་ངང་ལྟ་སྐོར་བྱེད་ཆོག་པར་མ་ཟད། སྡེ་དགེ་པར་ཁང་གི་གཅེས་ཉར་ཐང་ག་ཐོབ་པ་དང། ད་དུང་སྒོར་བརྒྱའི་རིག་གནས་ཡུལ་སྐོར་གྱི་ལེགས་སྐྱེས་ཀྱང་འཐོབ་རྒྱུའི་གོ་སྐབས་ཀྱང་ཡོད་པ་རེད།།

( སྐལ་བཟང་རྒྱ་མཚོས་བསྒྱུར།)