国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསར་འགྱུར་གནད་བསྡུས།

■ སྤྱི་ཟླ3པའི་ཚེས23ནས26ཉིན་བར། དཀར་མཛེས་ཁུལ་གྱི་རྒྱལ་ཡོངས་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་སྐབས་བཞི་པའི་ཁུལ་རིམ་པའི་ཕྱོགས་བསྡུས་ཚོད་ལྟའི་ལས་དོན་དང་ཕྱོགས་བསྡུས་ལས་སྒོའི་གསོ་སྦྱོང་ཚོགས་འདུ་ཐེངས་བཞི་པ་དར་མདོར་འཚོགས་པ་རེད།

■ ཉེ་ཆར། རང་ཁུལ་ཁུལ་དང་རྫོང་གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་འབྲེལ་ཐོག་བྲག་མགོ་རྫོང་གི་གྲོང་སྡེ4ཡི་བུད་མེད58ལ་ཁྱིམ་ལས་ཞབས་ཞུའི་དམའ་རིམ་གསོ་སྦྱོང་བྱས་པ་རེད།

■ ད་ལོར། རོང་བྲག་རྫོང་གིས་མ་དངུལ་སྒོར་དུང་ཕྱུར1.1བཏང་ནས་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་ཆུ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། སྲུང་སྐྱོབ་སླར་གསོ་མུའུ་ཁྲི27.89ལ་ཁེབས་ཡོད།

■ ཚེས24ཉིན། ཉག་ཆུ་རྫོང་གི་སྡེ་ཚན་མང་པོས་མཉམ་འབྲེལ་ཐོག“འཛམ་གླིང་འདུས་འདྲིལ་གཅོང་ནད་འགོག་བཅོས་ཉིན་མོའི”གཙོ་དོན་དྲིལ་བསྒྲགས་བྱེད་སྒོ་སྤེལ།

■ ཉེ་ཆར་ཉག་རོང་རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་རིགས་གཅིག་མཁས་ཅན་ལྔ་རྫོང་བུ་བཅོལ་ཁང་དུ་བསྐྱོད་དེ་བདེ་ཐང་བརྟག་དཔྱད་དང་ཆེད་དོན་གསོ་སྦྱོང་བྱེད་སྒོ་སྤེལ།

■ སྤྱི་ཟླ3པའི་ཚེས26ཉིན། “གནས་མཆོག་དཀར་མཛེས་སུ། མཉམ་འཛོམས་དུས་ཆད་ཡོད”ཅེས་པའི2026ལོའི་སྡེ་རོང་རྫོང་ཞིང་ལས་རིག་གནས་ཡུལ་སྐོར་ལུས་རྩལ་ཚོང་ལས་འཛད་སྤྱོད་དུས་ཚིགས་སྡེ་རོང་རྫོང་སྤུན་གསུམ་གྲོང་རྡལ་དུ་འགོ་བཙུགས་པ་རེད།

■ ད་ལོ་ནས་བཟུང་། དཀར་མཛེས་ཁུལ་གྱིས་དངོས་མང་བཤམས་སྟོན་ཁང65བསྐྲུན་ཚར་བ་དང་། འཇིག་ཉེར་ཡོད་པའི་གཟུགས་མེད་རིག་གནས་ཤུལ་བཞག་རྣམ་གྲངས30ལྷག་མྱུར་སྐྱོབ་སྲུང་སྐྱོང་བྱས། གཟུགས་མེད་རིག་གནས་ཤུལ་བཞག་རྣམ་གྲངས384དང་བརྒྱུད་འཛིན་པ1271གསར་དུ་བསྣན་པ་རེད། ( སྐལ་བཟང་རྒྱ་མཚོས་བསྒྱུར།)