ཉེ་ཆར། རྟའུ་རྫོང་མགར་ཐར་གྲོང་རྡལ་ཤར་ཡུལ་གྲོང་སྡེའི་ས་ཞིང་འཁོར་རྒྱུག་མ་དངུལ་བགོས་སྤྲོད་བྱ་ཡུལ་དུ་ཡུལ་མི་ཚོས་གོ་རིམ་ལྡན་པའི་ངང་ནས་ཞིབ་བཤེར་མིང་རྟགས་བཀོད་པ་དང་། ས་ཞིང་འཁོར་རྒྱུག་ཡོང་འབབ་སྒོར་ཁྲི31.7དུད་ཚང་ལ་སྤྲད་ཡོད་པས་མང་ཚོགས་ལ་ས་ཞིང་འཁོར་རྒྱུག་ལས་བྱུང་བའི་ཕན་འབྲས་དངོས་སུ་ཐོབ་ཡོད།
ད་ལོ་ནས་བཟུང་མགར་ཐར་གྲོང་རྡལ་གྱིས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་རྒྱུ་མཐའ་འཁྱོངས་ནས་ས་ཆ་འཁོར་རྒྱུག་ལས་དོན་མགྱོགས་སུ་ཕྱིན་པ་དང་ཕན་འབྲས་ངོ་མ་ཐོན་ཡོད། ད་སྔར་གྲོང་རྡལ་དེས་ཞིང་ལས་ཁེ་ལས4དང་དངོས་གཞིའི་མཉམ་ལས་གྲོས་མཐུན་བཞག་ནས་རིམ་རྩིས་བྱས་ན་ས་ཞིང་འཁོར་རྒྱུག་མ་དངུལ་སྒོར་ཁྲི50ལྷག་སྤྲད་པ་དེ་ས་ཞིང་མུའུ1000ལྷག་དང་འབྲེལ་བ་ཡོད་ཅིང་། གཞན་ཡང་ས་ཆ་མུའུ200འཁོར་རྒྱུག་བྱ་རྩིས་ཡོད་པ་དང་ཁེ་ལས3དང་ངོ་འཕྲད་གྲོས་མོལ་གང་ལེགས་བྱེད་བཞིན་ཡོད་པས་གྲོང་རྡལ་ཡོངས་ཀྱི་ས་ཆ་འཁོར་རྒྱུག་ལ་གྲུབ་འབྲས་ཐོབ་དང་འཐོབ་བཞིན་ཡོད།།
( ཀུན་དགས་བསྒྱུར།)
