国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲའོ་པོ་ཡིས“2026ལོར་ཇི་ལྟར་ལྟ་བ་དང་ཇི་ལྟར་སྒྲུབ་པ”ཡི་དོན་དངོས་སྒྲུབ་པའི་ཚོགས་འདུ་གཙོ་སྐྱོང་གནང་ནས།

བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་བརྒལ་གྱི་ཧུར་སྐྱོད་ཉམས་འགྱུར་ཐོག་ནས་ཀྲུང་གོའི་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ ལེའུ་གསར་པ་བྲི་དགོས་ཞེས་གསུངས།

སྤྱི་ཟླ3པའི་ཚེས26ཉིན།ཁུལ་ཨུས“2026ལོར་ཇི་ལྟར་ལྟ་བ་དང་ཇི་ལྟར་སྒྲུབ་པ”ཡི་དོན་དངོས་སྒྲུབ་པའི་ཚོགས་འདུ་འཚོགས་ནས་མིག་སྔའི་དུས་བབ་ལ་ཁྱོན་ཡོངས་ནས་དབྱེ་ཞིབ་དང་། གནད་དོན་དང་ཞན་ཆ་འཚོལ་བ། གཙོ་གནད་ལས་དོན་བརྒྱུད་རིམ་ལྡན་པའི་སྒོས་ཇུས་འགོད་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་བ་རེད། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་དང་ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་ཐོག་འཁྱོལ་བ། སྲིད་འགན་ལག་རྗེས་ལྟ་བ་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་བ། དུས་བརྟག་བབ་བསྟུན་དང་བབ་བསྟུན་སྣེ་ཁྲིད་བཅས་བྱས་ཏེ་འཐབ་ཇུས་ཀྱི་བརྟན་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་མཐུན་རྐྱེན་ཁོང་དུ་ཆུད་པ་བྱས་ནས་བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་བརྒལ་གྱི་ཧུར་སྐྱོད་ཉམས་འགྱུར་ཐོག་ནས་ཀྲུང་གོའི་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་བྲི་དགོས་ཞེས་ནན་གསུང་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡུས་ཆུང་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀའོ་ཀྲན་ཚོགས་འདུར་ཞུགས་ཡོད།

ཚོགས་འདུར་ཁུལ་གྱི་མགོ་ཁྲིད་ཚན་པ་གཅིག་གིས“2026ལོར་ཇི་ལྟར་ལྟ་བ་དང་ཇི་ལྟར་སྒྲུབ་པའི”གཙོ་དོན་ལ་དམིགས་ནས་ལས་ཀ་དངོས་དང་ཟུང་འབྲེལ་བྱས་ནས་གཏམ་བཤད་གནང་བ་རེད། ཀྲའོ་པོ་ཡིས་གསུང་བཤད་ལས་དཀར་མཛེས་ཁུལ་ལ་འཕྲད་པའི་གོ་སྐབས་དང་འགྲན་སློང་ལ་དབྱེ་ཞིབ་ཟབ་མོ་གནང་ཞིང་། ཁོང་གིས་ཉེ་བའི་ལོ་ཤས་རིང་ཁུལ་ཨུའི་སྐབས་རིམ་བྱུང་གིས་མུ་མཐུད་འབད་འཐབ་བྱས་པར་བརྒྱུད་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ནུས་རིམ་དང་། ཐོན་ལས་རྨང་གཞི། ས་བབ་ཆ་རྐྱེན་བཅས་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཏེ“ལོ་ལྔའི་འཆར་འགོད་བཅུ་བཞི་པ”ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བར་སྐུལ་འདེད་བཏང་བ་དང་།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྒྱང་སྐྱོད་ལ་འགོ་ཡག་པོ་བརྩམས་ཡོད། 2026ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”ལག་བསྟར་བྱེད་འགོ་འཛུགས་པའི་ལོ་ཡིན་པས་དོན་སྙིང་གལ་ཆེན་ལྡན་ལ་ཕུགས་དང་འབྲེལ་བ་ཡོད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་མ་སྐུལ་དང་བླངས་ཀྱིས་དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྱོང་དེ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་ནང་བཞག་ནས་ཇུས་འགོད་དང་སྐུལ་འདེད་བཏང་ནས་དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ཁོང་དུ་ཆུད་པར་བྱས་ཏེ་སྔོན་ནས་སྒྲུབ་ཕོད་པའི་སྙིང་སྟོབས་དང་། འགལ་རྐྱེན་སྒྲོལ་བའི་བློ་སྟོབས། རླབས་རྒྱུན་གྱི་མདུན་དུ་ལངས་ཐུབ་པའི་སྤོབས་པ་བཅས་ལ་བརྟེན་ནས་མྱུར་སྒྲུབ་ལ་བརྩི་མཐོང་།( པར་ངོས་གཉིས་པར་གཟིགས།)