སྤྱི་ཟླ3པའི་ཚེས25ཉིན། ཁུལ་ཨུ་སྐབས་བཅུ་གཉིས་པའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བརྒྱད་པ་འཚོགས་ནས་ཁུལ་ཨུའི་ཧྲུའུ་ཅི། ཁུལ་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲའོ་པོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ཤིང་གསུང་བཤད་གནང་བ་རེད། ཁོང་གིས་རྩིས་བཤེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་ལས་ཀའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་ནས་སྤུས་ཚད་མཐོ་བའི་རྩིས་བཤེར་ལྟ་སྐུལ་ལ་བརྟེན་ནས་ཁུལ་ཡོངས་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་ཡག་པོ་འཛུགས་པར་སྲུང་སྐྱེལ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།
ཚོགས་འདུར་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་སྙིང་དོན་བརྒྱུད་སྦྱངས་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པ་རེད། ཚོགས་འདུར“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བྱེད་པའི་རྨང་གཞི་བརྟན་དུ་གཏོང་བ་དང་ཁྱོན་ཡོངས་ནས་ནུས་ཤུགས་འདོན་པའི་འགག་རྩའི་དུས་སྐབས་ཤིག་ཡིན་ལ། དཀར་མཛེས་ཁུལ་གྱིས་བབ་བསྟུན་འཕྲལ་སྒྲུབ་དང་མཆོང་བརྒལ་རྗེས་སྙེག་བྱེད་པའི་འགག་རྩའི་དུས་མཚམས་ཤིག་ཀྱང་ཡིན་པས། རྩིས་བཤེར་ལས་དོན་ཡག་པོ་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན་པ་དང་འགན་འཁྲི་ལྕི་པོ་ཡིན་ཞིང་། རྩིས་བཤེར་ལས་ཀའི་ཁ་ཕྱོགས་དམ་པོར་འཛིན་དགོས་པ་དང་། ཏང་གིས་རྩིས་བཤེར་ལ་དོ་དམ་བྱ་རྒྱུ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པར་བྱ་དགོས། ཁྲིམས་ལྟར་རྩིས་བཤེར་ལས་ཀའི་འགན་འཁྲི་བསྒྲུབ་དགོས། རྩིས་བཤེར་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཁྱོན་ཡོངས་ནས་མཐོ་རུ་གཏང་དགོས། རྩིས་བཤེར་ལས་དོན་གྱི་མཉམ་ཤུགས་རྒྱུན་ཆད་མེད་པར་གཅིག་ཏུ་སྒྲིལ་དགོས་ཞེས་ནན་གསུང་གནང་བ་རེད།།
( བདེ་སྐྱིད་ཀྱིས་བསྒྱུར།)
