国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲུང་གོ་ས་གཤིས་ཚན་རིག་ཁང་སི་ཁྲོན་ལི་ཝུའུ་ཟངས་ལས་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་རབ་འབྱམས་གོང་མའི་ཚན་ཞིབ་ལས་དོན་ས་ཚུགས་དར་མདོར་བཙུགས།

སྤྱི་ཟླ3པའི་ཚེས23ཉིན། “ཀྲུང་གོ་ས་གཤིས་ཚན་རིག་ཁང་སི་ཁྲོན་ལི་ཝུའུ་ཟངས་ལས་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་རབ་འབྱམས་གོང་མའི་ཚན་ཞིབ་ལས་དོན་ས་ཚུགས”ཀྱིས་དར་མདོར་དངོས་སུ་སྒོ་བྱང་འགེལ་བ་རེད། དེ་ནི་དཀར་མཛེས་ཁུལ་གྱི་གཏེར་ལས་འཕེལ་རྒྱས་དེ་རྒྱལ་ཁབ་རིམ་པའི་ནུས་མཐོ་རིམ་པའི་ཚན་ཞིབ་ལས་སྟེགས་འཛུགས་སྐྲུན་ཐད་གཏོར་བརྒལ་ཐུབ་པ་དང་།ཁེ་ལས་ཀྱིས་ཐོན་ཁུངས་གསར་སྤེལ་ནས་ཚན་རྩལ་ལ་བརྟེན་ནས་སྐུལ་འདེད་གཏོང་བའི་ཕྱོགས་སྒྱུར་ལ་མྱུར་ཚད་མགྱོགས་སུ་གཏོང་བ་རེད།

ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་མའོ་ཅིང་ཝུན་དང་ཀྲུང་གོ་ས་གཤིས་ཚན་རིག་ཁང་གཏེར་རྫས་ཐོན་ཁུངས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཞའོ་ཁེ་ཡན་དང་། དེ་བཞིན་ཁུལ་སྲིད་གཞུང་དང་ཁྲེང་ཏུའུ་ས་གཤིས་སྙོམས་སྒྲིག་ལྟེ་གནས། ཁྲེང་ཏུའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན། ཧྭ་ཝུའེ་སོགས་ཚན་པའི་མགོ་ཁྲིད་དང་ཆེད་རམས་པ་མཉམ་དུ་འཛོམས་ནས་དུས་སྐབས་དེར་ཐུན་མོང་ཐོག་བདེན་དཔང་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་རབ་འབྱམས་གོང་མའི་ཚན་ཞིབ་ལས་དོན་ས་ཚུགས་བཙུགས་པ་དེས་ལི་ཝུའུ་ཟངས་ལས་ཀྱིས་ཚན་ཞིབ་གསོག་འཇོག་དང་། ཤེས་ལྡན་མི་སྣའི་སྐས་རིམ་རུ་ཁག་དང་གསར་སྐྲུན་དོ་དམ་ཐད་ཀྱི་སྟོབས་ཤུགས་ཆེན་པོ་མངོན་པར་མ་ཟད།“ཚན་ཞིབ་ཁང་དང་མཐོ་རིམ་སློབ་གྲྭ།ཁེ་ལས”བཅས་ཀྱི་གསར་སྐྲུན་མཉམ་འབྲེལ་སྒྲིག་གཞི་བསྐྲུན་པ་བརྒྱུད་གཏེར་ཁ་འཚོལ་བ་དང་འབྱུང་འཕྲོད་ཁ་སྐོང་། རིག་ནུས་གཏེར་རི་འཚོལ་བ་བཅས་ཀྱི་འགག་རྐྱེན་སེལ་བ་རེད།

སྒོ་བྱང་འགེལ་བའི་མཛད་སྒོར་ཧྭ་ཝུའེ་ལག་རྩལ་ཚད་ཡོད་སྤྱི་གཉེར་ཁང་ཞུགས་པ་དེས་ཀྱང་སྲོལ་རྒྱུན་གཏེར་ལས་དང་གྲངས་འཛིན་ལག་རྩལ་མཉམ་འདྲེས་ཡང་དག་བྱ་རྒྱུའི་དམིགས་སྒོ་ཕྱེ་བ་མཐོང་ཐུབ།།

( བདེ་སྐྱིད་ཀྱིས་བསྒྱུར།)