国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་མེ་ཟོན་རོགས་སྐྱོབ་སྐབས་བསྟུན་ཡན་ལག་རུ་ཁག་དར་མདོ་རུ་ཆེན་གྱིས་སི་ཁྲོན་ཞིང་ཆེན་ ནགས་རྩྭ་མེ་ཟོན་ཉེན་བརྡ་ཉིན་མོར་དྲིལ་སྒྲོག་བྱེད་སྒོ་སྤེལ།

སྤྱི་ཟླ3པའི་ཚེས30ཉིན་ནི་སི་ཁྲོན་ཞིང་ཆེན་ནགས་རྩྭ་མེ་ཟོན་མེ་གསོད་ཉེན་བརྡ་ཉིན་མོ་ཐེངས་ལྔ་པ་ཡིན་པས། དཀར་མཛེས་མེ་ཟོན་རོགས་སྐྱོབ་སྐབས་བསྟུན་ཡན་ལག་རུ་ཁག་དར་མདོ་རུ་ཆེན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་འོག། ཁུལ་ནགས་རྩྭ་མེ་ཟོན་མེ་གསོད་བཀོད་འདོམས་པུའུ་ཡི་གཞུང་ལས་ཁང་སོགས་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ། དར་མདོ་མཛའ་གཞས་ཐང་ཆེན་དུ་དཀར་མཛེས་ཁུལ2026ལོའི་ནགས་རྩྭ་མེ་ཟོན་མེ་གསོད་ཉེན་བརྡ་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ་དྲིལ་སྒྲོག་མི་སྣས་མེ་གསོད་སྒྲིག་ཆས་འགྲེམས་སྟོན་དང་དཔྱད་ཡིག་བཀྲམ་པ། ཡུལ་དངོས་སུ་འགྲེལ་བཤད་རྒྱག་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ནགས་ཚལ་མེ་སྐྱོན་གྱི་གནོད་འཚེར་ཉེན་ཟོན་སློབ་གསོ་བྱས་པ་དང་།ནགས་ཁུལ་གྱི་མེ་ཟོན་གཏན་འབེབས་དང་།ཡ་རབས་ཚུལ་ལྡན་ངང་དུར་མཆོད་བྱེད་པ། ནགས་ཚལ་གྱི་མེ་སྐྱོན་ཉེན་བརྡའི་ཁ་པར(12119)བཅས་དང་། དེ་བཞིན་ཐོག་མའི་ཐག་གཅོད་རྒྱུན་ཤེས་ཁྱབ་གདལ་བཏང་ནས་མང་ཚོགས་ལ་སྤོས་དང་ཤོག་བུ་སྲེག་པ་སོགས་ཀྱི་གོམས་གཤིས་དོར་རྒྱུའི་ཁྲིད་སྟོན་བྱས་པ་རེད། རུ་ཆེན་གྱིས་ད་དུང་དཀར་མཛེས་ཁུལ་གྱི་མེ་སྐྱོན་ཉེན་ཆེའི་དུས་དང་ཟུང་འབྲེལ་བྱས་ཏེ། རི་ཁུལ་ནགས་ཚལ་དུ་སྐྱོད་པ་དང་དཔྱིད་རྨོད་ཐོན་སྐྱེད། ཡུལ་སྐོར་སྤྲོ་འཆམ་སོགས་མེ་སྤྱོད་ཉེན་ཁར་གཙོ་གནད་ཐོག་དྲན་སྐུལ་བྱས་པ་དང་། གྲོང་མིར་མེ་ཟོན་བཀག་རྒྱ་ནན་པོ་སྲུང་ནས་ཐུན་མོང་ཐོག་སྐྱེ་ཁམས་ཉེན་མེད་སྲུང་སྐྱོང་བྱ་དགོས་པའི་འབོད་སྐུལ་བྱས་པ་རེད།།

( བདེ་སྐྱིད་ཀྱིས་བྲིས།)