( པར་ངོས་དང་པོར་མཐུད།)དངོས་སྒྲུབ་ལ་ཧུར་བརྩོན་དང་དཀའ་སྒྲུབ་ལ་མི་སྐྲག།ཐབས་སྒྲུབ་ལ་མཁས་པ་བཅས་བྱ་དགོས། འགྲན་སློང་ལ་ཐད་ཀར་ཁ་གཏད་འཇལ་བ་དང་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་གཙོ་གནད་ཁྱབ་ཁོངས་དང་།འགག་རྩའི་གནད་ཚིགས། དཀའ་གནད་དང་འགག་གནད་བཅས་ཀྱི་ཐད་འགག་སྒྲོལ་ཚད་བརྒལ་བྱས་ཏེ་ལས་དོན་ཁག“སྒྲུབ་ཡོད་མེད”ནས“ཡག་པོ་སྒྲུབ་ཡོད་མེད་དང་།ཆེས་ཡག་པོར་སྒྲུབ་ཡོད་མེད”ཀྱི་ཕྱོགས་རྦད་དེ་བསྒྱུར་བར་བསྐུལ་ཏེ་དཀར་མཛེས་ཁུལ་གྱི་དོན་དངོས་དང་འཕྲོད་ལ།དཀར་མཛེས་ཁུལ་གྱི་ཁྱད་ཆོས་མངོན་པའི་དེང་རབས་ཅན་གྱི་འཕེལ་རྒྱས་ལམ་བུ་གསར་པ་ཞིག་ཧུར་ཐག་གདོད་དགོས་ཞེས་གསུངས།
ཀྲའོ་པོ་ཡིས་ནན་གསུང་གནང་དོན། རང་འགུལ་དོན་གཉེར་དང་ཕྱིར་འགྲན་ནང་འགུགས་བྱས་ཏེ་དམིགས་འབེན་ལ་ཤུགས་རྒྱག་པའི་ཁྲོད་གྲུབ་འབྲས་ཐོབ་པ་བྱས་ནས་ཐོན་ལས་དང་། ལས་གཞི།ཚོང་འགུགས་བཅས་ལ་དམ་འཛིན་ནན་པོ་བྱེད་པའི་ལས་ཀའི་ཚ་རླབས་མགྱོགས་མྱུར་སློང་དགོས། བསམ་བློ་བཅིངས་འགྲོལ་དང་མཐོང་རྒྱ་ཆེ་རུ་བཏང་ནས་སྔོན་ཐོན་གྱི་མིག་དཔེར་ལྟ་བའི་ཁྲོད་འདུ་ཤེས་བསྒྱུར་བ། ཕྱི་རུ་སྐྱོད་པ་དང་མཐོང་རྒྱ་ཆེ་རུ་གཏོང་བ་རྒྱུན་འཁྱོངས་ནས་དར་རྒྱས་ཆེ་བའི་ས་ཁུལ་དུ་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་མང་ཙམ་ཕྱིན་པ་དང་། ཤེས་བྱའི་སྟོང་ཆ་དང་ཉམས་མྱོང་མི་འདང་ས། ནུས་པ་ཞན་པ་བཅས་ལ་ཅི་མགྱོགས་གང་ཐུབ་ཀྱི་ཁ་གསབ་བྱེད་པ། བསྒྱུར་བཅོས་ཀྱི་བསམ་གཞིགས་དང་གསར་གཏོད་བྱེད་ཐབས་སྤྱད་དེ་དཀའ་གནད་ཐག་གཅོད་དང་ཚད་བརྒལ་ཡོང་ཐབས་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱ་དགོས། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་ནས་དམ་འཛིན་དངོས་སྒྲུབ་ཁྲོད་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་དང་། ཁུལ་ཡོངས་ཀྱི“མིག་མངས་གཅིག་པུའི”བསམ་བློ་བརྟན་པོར་འཛུགས་ཤིང་། ལས་བགོས་དོ་དམ་གྱི་དབྱེ་མཚམས་མེད་པ་བཟོ་བ་དང་སྡེ་ཚན་གྱི་བཀག་རྒྱ་མེད་པ་བཟོ་བ། གཞོགས་འདེགས་དམ་ཟབ་དང་མཛུབ་མོ་ཁུ་ཚུར་བཅངས་པ། མཉམ་ཤུགས་སུ་ཆགས་པ་བཅས་བྱ་དགོས། དོན་དངོས་ལ་གཞིགས་ནས་ཆོས་ཉིད་ལྟར་བྱ་བ་བསྒྲུབ་རྒྱུ་མཐའ་འཁྱོངས་ཏེ་ཡང་དག་པའི་སྲིད་འགན་ལག་རྗེས་ལྟ་བ་ནང་སེམས་སུ་འགྱུར་བ་དང་། ཕྱིར་ལག་ལེན་དུ་བསྒྱུར་ནས་དཀར་མཛེས་ཁུལ་གྱི་ལས་དོན་ཁག་ལ་རྒྱུན་ཆད་མེད་པར་ཚད་བརྒལ་གསར་པ་ཐོབ་པ་དང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་ནུས་ཤུགས་ཡོད་རྒུས་བསྐུལ་དགོས།
འབྲེལ་ཡོད་ཀྱི་ཁུལ་མགོ་ཁྲིད་དང་།རྫོང(གྲོང་ཁྱེར)ཁག་གི་ཏང་ཨུ་དང་སྲིད་གཞུང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས་པ་རེད།། ( ལྷ་འཛོམས་ཀྱིས་བསྒྱུར།)
