ཉེ་ཆར། གནམ་གཤིས་ཇེ་དྲོར་སོང་བ་དང་བསྟུན་ནས་ཁམ་བུ་མེ་ཏོག་དང་ལི་མེ་ཏོག་གི་མཛེས་སྡུག་རེ་རེས་རོང་བྲག་གི་རི་ལུང་ཐམས་ཅད་ན་དཔྱིད་དཔལ་གྱི་འཆོར་སྒེག་མངོན་བཞིན། ཡུལ་ལུང་ཀུན་གྱི་སྐྱེ་དངོས་མཐའ་དག་ལ་ཚེ་སྲོག་གི་འཚོ་བཅུད་གསར་པ་བསྣན་པས་གསོན་ཉམས་འཕེལ་ཞིང་ཚོན་མདངས་རྣམ་པར་བཀྲ་བའི་མཛེས་རིས་ཤིག་ཏུ་གྲུབ། རི་བོ་དང་ཆུ་མོས་སྔོ་ལྗང་གི་གོས་བཟང་བཀླུབས་པ་དང་། མེ་ཏོག་ཁྲ་ཚོམ་གྱི་གསེང་དུ་ལྷོད་འབོལ་ལེར་གནས་པའི་གནའ་བོའི་མཁར་རྫོང་དང་བོད་གྲོང་ནས་ཞི་འཇམ་བག་ཕེབས་ཀྱི་ཉམས་སྣང་ཞིག་གིས་ཀུན་ནས་ཁེངས་ཤིང་། ལོ་འཁོར་གཅིག་གི་ཆེས་མཛེས་སྡུག་ལྡན་པའི་དུས་ཚིགས་སུ་གྱུར། དེ་ལྟར་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཅིང་། མེ་ཏོག་གི་མཛེས་སྡུག་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱིས་ཡུལ་སྡེ་དར་རྒྱས་ལ་དབྱར་མཚོ་རྒྱས་བཞིན་གསོན་ཤུགས་བསྣན་པ་རེད།། ( བདེ་ཆེན་གྱིས་བྲིས།)
