国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་འཚོགས་ཏེ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྦྱངས་བྱས་ཤིང་རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ཞིབ་འཇུག་བྱས།

སྤྱི་ཟླ4པའི་ཚེས1ཉིན།ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་པེ་ཞུང་ཨན་གྲོང་གསར་དུ་རྟོག་ཞིབ་གནང་ཞིང་ཞུང་ཨན་གྲོང་གསར་འཛུགས་སྐྲུན་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་ཟབ་གཏོང་གི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་།ཞིང་ཆེན་གྱི་འབྲེལ་ཡོད་ཚོགས་འདུའི་སྙིང་དོན་བརྒྱུད་སྦྱངས་བྱས་པ་དང་། རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་།

ཚོགས་འདུར་བསྟན་དོན།ཞུང་ཨན་གྲོང་གསར་འཛུགས་སྐྲུན་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་ངོ་མས་ཇུས་ཐག་དང་སྐུ་ངོས་མས་བཀོད་སྒྲིག། སྐུ་ངོ་མས་སྐུལ་འདེད་བཅས་གནང་བའི་ལོ་སྟོང་གི་ཇུས་ཆེན་དང་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཀྲུང་གོའི་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་བྱས་ཏེ་རྒྱལ་ཁབ་ཀྱི་དགོས་མཁོ་དང་དཀར་མཛེས་ཁུལ་གྱི་ནུས་པར་གཞི་ཚུགས་ནས་མ་སྐུལ་དང་བླངས་ཀྱིས་ནུས་རྒྱུ་ཉེན་མེད་དང་དམའ་རིམ་ཐོན་རྫས་མཁོ་སྤྲོད་སོགས་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་གལ་ཆེན་སྦྲེལ་མཐུད་དང་ཞབས་འདེགས་ཞུས་ཏེ་དཀར་མཛེས་ཁུལ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་གཏང་དགོས། དར་མདོའི་ཁུལ་སྲིད་གཞུང་གི་སྲོག་ཤིང་མིན་པའི་ནུས་པ་བརྟན་ཞིང་གོ་རིམ་ལྡན་པའི་སྒོ་ནས་ཁྱབ་གདལ་གཏོང་བ་དང་། དར་མདོ་དང་ལྕགས་ཟམ་གཞི་གཅིག་ཅན་གྱི་མཐུན་སྦྱོར་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་ཀྱིས་བསྐུལ་ཏེ། ས་ཁོངས་དཔལ་འབྱོར་གྱི་འདེགས་སྐྱོར་དང་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏང་དགོས། ཁེ་ལས་ཀྱི་གསར་གཏོད་བྱེད་པོ་གཙོ་བོའི་གོ་གནས་ལ་ཤུགས་བརྒྱབ་ཏེ་རིག་གནས་ཡུལ་སྐོར་དང་ནུས་རྒྱུ་གཙང་མ། ཁྱད་ཆོས་ཞིང་འབྲོག་དང་གསར་དར་ཐོན་ལས་སོགས་ཐད་ཀྱི་ཚན་རྩལ་གསར་གཏོད་ལ་མུ་མཐུད་ཤུགས་བསྣན་ཏེ། ཁུལ་ཡོངས་ཀྱི་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཚན་རྩལ་གྱི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱ་དགོས། གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་ཕན་ནུས་ཆེ་བའི་བཅོས་སྐྱོང་གཞི་གཅིག་ཏུ་ནན་འཛིན་བྱས་ནས་ཞུང་ཨན་གྲོང་གསར་གྱི་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། གྲོང་ཁྱེར་འཕེལ་རྒྱས་འགྲིལ་འགྱུར་རྣམ་པ་དང་ནང་དོན་རྣམ་པ། མཉམ་འདྲེས་རྣམ་པ་བཅས་ལ་སྐུལ་འདེད་ཏན་ཏིག་གཏང་དགོས།

ཚོགས་འདུར་ཞིང་ཆེན་ཡིག་སྐུར་ངོ་གཏུག་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུའི་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་བརྒྱུད་སྦྱངས་བྱས་པ་དང་། ཚོགས་འདུར་ཁུལ་ཨུ་དང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་འགོ་ཁྲིད་ཚན་པ་དང་དེ་བཞིན་འགན་འཁུར་བློ་མཐུན་གཙོ་བོས་སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་གནད་དོན་ཞིབ་བཤེར་རྩིས་ཐོ་ཞིབ་འཇུག་དང་དཔྱད་ཞིབ་བྱས་པ་དང་། ད་དུང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ཤིང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)