国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲའོ་པོ་ཡིས་ཁུལ་ཨུ་ཞིང་སྡེ་ལས་དོན་གྲོས་ཚོགས་སུ།

ཞིང་ལས་ཀྱི་ཕན་འབྲས་ཆེར་གཏོང་དང་ཞིང་སྡེའི་གསོན་ཤུགས་འཕེལ་བ། ཞིང་པའི་ཡོང་འབབ་འཕར་བ་ བཅས་ལ་བསྐུལ་ནས་ཀྲུང་གོའི་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་མགྱོགས་མྱུར་བསྐྲུན་ཆེད “ཞིང་གསུམ”རྨང་གཞི་བརྟན་དུ་གཏང་དགོས་ཞེས་གསུངས།

སྤྱི་ཟླ4པའི་ཚེས2ཉིན།ཁུལ་ཨུ་གྲོང་སྡེའི་ལས་དོན་ཚོགས་འདུ་དར་མདོ་རུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། ཁོང་གིས“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་བསྟར་བ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཞིང་སྡེ་ལས་དོན་ཚོགས་འདུའི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་ཐོག་འཁྱོལ་བ། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བའི་དམིགས་ཚད་གཏན་འཁེལ་བྱེད་པ། བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་སྐྱོད་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་ཞིང་ལས་ཀྱི་ཕན་འབྲས་ཆེར་གཏོང་དང་ཞིང་སྡེའི་གསོན་ཤུགས་འཕེལ་བ། ཞིང་པའི་ཡོང་འབབ་ཆེར་གཏོང་བཅས་ལ་བསྐུལ་ནས་ཀྲུང་གོའི་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་མགྱོགས་མྱུར་བསྐྲུན་ཆེད“ཞིང་གསུམ”རྨང་གཞི་བརྟན་དུ་གཏང་དགོས་ཞེས་གསུངས། “ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ལས་ཚབ་དབྱང་ཧུང་ཧྲོའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡུས་ཆུང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀའོ་ཀྲན་བཅས་གྲོས་ཚོགས་ནང་ཞུགས་ཡོད།

ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཞིང་སྡེ་ལས་དོན་ཚོགས་འདུའི་སྙིང་དོན་བརྒྱུད་སྦྱངས་བྱས་པ་དང་། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་དང་ཞིང་སྡེའི་ཐུན་མོང་གི“མ་རྩ་གསུམ”དོ་དམ་གྱི་གནད་དོན་མངོན་གསལ་དོད་པའི་ཆེད་དོན་བཅོས་སྒྲིག་ལས་དོན་བཀོད་སྒྲིག་བྱེད་པ། རྫོང(གྲོང་ཁྱེར)དང་ཁུལ་རིམ་པའི་སྡེ་ཚན་ཁག་གཅིག་གིས་སྤེལ་རེས་གཏམ་བཤད་བྱས་པ་རེད། ཀྲའོ་པོ་ཡིས་གསུང་བཤད་ནང་འདས་ཟིན་པའི་ལོ་གཅིག་རིང་ཁུལ་ཡོངས་ཀྱི་གོང་འོག་ཚང་མས“ཞིང་གསུམ”ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་སེམས་ཤུགས་གཅིག་སྒྲིལ་དང་དངོས་སྒྲུབ་དོན་གཉེར་གྱིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་ཕྱིན་པ་དང་། ལྷད་མེད་སྐྱེ་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོན་པོ་དང་ཕན་འབྲས་ཆེ་རུ་ཕྱིན་པ། ཡུལ་གྲོང་གི་རྣམ་པ་རྒྱུན་མཐུད་ལེགས་སུ་ཕྱིན་པ།( པར་ངོས་གཉིས་པར་གཟིགས།)