国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསར་འགྱུར་གནད་བསྡུས།

■ ཁུལ་ཨུ་སྐབས་བཅུ་གཉིས་པའི་རེས་སྐོར་དགུ་པའི་སྐོར་ཞིབ་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི། ཁུལ་ཨུའི་སྐོར་ཞིབ་ལས་དོན་མགོ་ཁྲིད་ཚོ་ཆུང་གི་ཚོ་དཔོན་ཀྲའོ་པོ་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། ཁོང་གིས་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་སྐོར་ལྟ་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། སྐོར་ལྟ་སྐོར་ཞིབ་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། དཀར་མཛེས་ཁུལ་གྱི"ལོ་ལྔའི་འཆར་འགོད་བཅོ་ལྔ་པ"འགོ་ཡག་པོ་འཛུགས་པར་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་མཁོ་འདོན་བྱ་དགོས་ཞེས་ནན་གསུང་གནང་།།

■ ཉེ་ཆར། ཀྲུང་གོ་ལྕགས་ལམ་གྲོང་ཁྱེར་མ་འཇོག་ཚོགས་པས་མ་དངུལ་བཏང་བ་དང་ཀྲུང་གོ་ལྕགས་ལམ་ཅུས་དྲུག་པས་སྐྲུན་འགན་འཁུར་བའི་དར་མདོ་ནས་ར་རྔ་ཁའི་མྱུར་བགྲོད་གཞུང་ལམ་ཝ་ཁྲལ་ཕུག་ལམ་གྱི་ཐོན་སྒོའི་གཡས་ངོས་ཀྱི་ཕུག་ལམ་སྨི1000ཕུག་ཐུབ་པ་དང་།གཡོན་དོང་སྨི1000བརྒལ་རྗེས་སླར་ཡང་འཛུགས་སྐྲུན་གྱི་རྒྱལ་ཁའི་གཏམ་བཟང་བསྒྲག་རྒྱུ་རེད།ཕུག་ལམ་ཕྱོགས་གཉིས་འབིགས་ཐུབ་པ་དང་དར་མདོ་ནས་ར་རྔ་ཁའི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོར་འགག་རྩའི་འགོག་རྐྱེན་གཙང་སེལ་བྱ་རྒྱུར་བསྐུལ་ཏེ། 2026ལོའི་མཐོ་སྒང་གི་བགྲོད་ལམ་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་གཏོང་བ་རེད།།

■ 2026ལོའི་དྭངས་གསལ་དུས་ཚིགས་རིང་གི་མང་ཚོགས་ཀྱི་དུར་མཆོད་ཞབས་ཞུའི་འགན་ལེན་ལས་དོན་ཡག་པོ་བསྒྲུབས་ནས"དུས་བདེ་གོ་རིམ་ལྡན་པ་དང་ཤེས་དཔལ་ཐཱན་ཉུང"གི་དམིགས་འབེན་མངོན་འགྱུར་ཡོང་ཆེད། ཉིན་ཤས་བསྟུད་མར་རང་ཁུལ་གྱིས་སྔ་སྣུར་དུ་བཀོད་སྒྲིག་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། ཁུལ་དམངས་སྲིད་ཅུས་ཀྱིས་སྣེ་ཁྲིད་དེ་སྡེ་ཚན་མང་པོ་མཉམ་འབྲེལ་ཐོག་དྭངས་གསལ་དུས་ཆེན་གྱི་དུར་མཆོད་ཞབས་ཞུའི་འགན་ལེན་མཐུན་སྦྱོར་ལམ་སྲོལ་བཙུགས་ཏེ། སྡེ་ཚན་བར་གྱི་མཉམ་ལས་དང་ཆ་འཕྲིན་མཉམ་སྤྱོད་བྱས་པ་རེད།།