国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པས་ཚོགས་འདུ་ཐེངས་སུམ་ཅུ་པ་འཚོགས།

སྤྱི་ཟླ4པའི་ཚེས1ཉིན།ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པས་ཚོགས་འདུ་ཐེངས་སུམ་ཅུ་པ་འཚོགས་ཤིང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཚན་ཁག་གི་ཧྲུའུ་ཅི། ཀྲུའུ་རེན་ཧྲུའུ་ཏ་ཁྲུན་གྱིས་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད།

རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི42ཚོགས་འདུར་ཞུགས་པ་དང་ཚོགས་འདུར་ཞུགས་མཁན་མི་གྲངས་ཁྲིམས་བཀོད་མི་གྲངས་དང་མཐུན་པ།

ཚོགས་འདུར་དབྱང་ཧུང་ཧྲོའུ་དང་ལིའུ་ཅན་ཀྲའོ་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པར་བསྐོ་གཞག་བྱ་རྒྱུའི་གཏན་འབེབས་བྱས་པ་དང་། དབྱང་ཧུང་ཧྲོའུ་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གི་ལས་ཚབ་ཁུལ་དཔོན་ལ་བསྐོ་གཞག་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། དབྱང་ཧུང་ཧྲོའུ་དང་ལིའུ་ཅན་ཀྲའོ་ཚོགས་འདུར་ཞུགས་པར་མ་ཟད་ལས་འགན་འཁུར་བའི་གསལ་བཤད་བྱེད་པ་རེད།

དབྱང་ཧུང་ཧྲོའུ་ཡིས་ལས་འགན་འཁུར་བའི་གསལ་བཤད་ནང་ཕྱིན་ཆད་ལས་དོན་ཁྲོད་རང་རྟོགས་ངང་ཁུལ་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་ལྟ་སྐུལ་དང་། ལས་ཀའི་ལྟ་སྐུལ་དང་ལེན་བྱེད་པ་དང་། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དང་སྤྱི་ཚོགས་གླེང་ཕྱོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ཏེ། སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་བར་སྣེ་ཁྲིད་དེ། བྱ་སྤྱོད་ངོ་མའི་ཐོག་ནས་མྱུར་སྒྲུབ་ལ་བརྩི་མཐོང་དང་།དངོས་སྒྲུབ་ལ་ཧུར་བརྩོན། དཀའ་སྒྲུབ་ལ་མི་སྐྲག།ཐབས་སྒྲུབ་མཁས་པ་བཅས་བྱས་ཏེ་དཀར་མཛེས་ཁུལ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་བརྒལ་གྱི་ཧུར་སྐྱོད་ཉམས་འགྱུར་ལ་བསྐུལ་རྒྱུ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་ནས་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་དང་། ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་བརྟན་དུ་གཏང་རྒྱུ་ཡིན་ཞེས་གསུངས་པ་རེད།

ལིའུ་ཅན་ཀྲའོ་ཡིས་ལས་འགན་འཁུར་བའི་གསལ་བཤད་གནང་སྐབས་ཕྱིན་ཆད་ལས་དོན་ཁྲོད་སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་ནས། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་ལྟ་སྐུལ་དང་ལས་ཀའི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱེད་པ་དང་། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དང་སྤྱི་ཚོགས་གླེང་ཕྱོགས་ཀྱི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱས་ཏེ། རང་འགན་གཙང་སྒྲུབ་ནན་ཏན་དང་། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱ་རྒྱུ་རྒྱུན་འཁྱོངས་ཏེ་ཐོག་མཐའ་བར་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་དང་དད་སེམས་བརྟན་པོ་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།།( བདེ་སྐྱིད་ཀྱིས་བསྒྱུར།)