国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ཐབས་མཆོག་གལ་ཆེན་གྱི་ནུས་པ་སྔར་བས་བཏོན་ཏེ་ཀྲུང་གོའི་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་པར་བསྐུལ་དགོས།

( པར་ངོས་དང་པོར་མཐུད།)ཁོང་གིས་ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་པ་གཙོ་བོར་བྱ་རྒྱུ་རྒྱུན་འཁྱོངས་ཏེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་བའི་བཅའ་ཁྲིམས》སློབ་སྦྱོང་དང་དྲིལ་བསྒྲགས་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་བསྐྲུན་པའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྤྱོད་ཤུགས་ཆེ་རུ་གཏོང་བ། མི་རིགས་ཁག་བར་འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་སྐུལ་བ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་བརྒྱུད་རིམ་ལྡན་པའི་ངང་བསྐུལ་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། ཆབ་སྲིད་ཀྱི་འགན་འཁྲི་དམ་པོར་འཁུར་བ། མ་སྐུལ་དང་བླངས་ཀྱིས་འགན་འཁྲི་འཁུར་ཕོད་པ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ཚད་ལྡན་དོ་དམ་བཅས་བྱས་ཏེ་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཕྲོད་པར་ཁྲིད་སྟོན་བྱ་དགོས།

འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་ལས་ཀའི་རྣམ་པ་འཛུགས་རྒྱུ་རྒྱུན་འཁྱོངས་ཏེ་འཐབ་ཕྱོགས་གཅིག་གྱུར་ལས་དོན་དེ་ཁུལ་ཡོངས་ཀྱི་འཕེལ་རྒྱས་ཁྱོན་ཡོངས་ནང་གནས་བབ་གཏན་འཁེལ་དང་དང་ཇུས་འགོད།དོན་འཁྱོལ་བཅས་བྱས་ཏེ་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཤུགས་ཡོད་རྒུས་བསྐུལ་དགོས། ཏང་ཕྱིའི་འཐུས་མི་མི་སྣ་དང་སྤྱི་ཚོགས་རིམ་གྲས་གསར་པའི་མི་སྣ། དེ་བཞིན་ཕྱི་རྒྱལ་གྱི་འཐབ་ཕྱོགས་གཅིག་གྱུར་དང་ཕྱིར་སྡོད་རང་མི་སོགས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་རྒྱུན་འཁྱོངས་ལྷོད་མེད་ངང་ཡག་པོ་བསྒྲུབས་ཏེ་ཆབ་སྲིད་ཀྱི་དགེ་མཚན་དང་།ཤེས་ལྡན་མི་སྣའི་དགེ་མཚན།འབྲེལ་གཏུག་གི་དགེ་མཚན།མང་ཚོགས་ཀྱི་དགེ་མཚན་དེ་དག་འཕེལ་རྒྱས་ཀྱི་དགེ་མཚན་དང་།བཅོས་སྐྱོང་གི་དགེ་མཚན།བརྟན་ལྷིང་གི་དགེ་མཚན་བཅས་ལ་དངོས་སུ་བསྒྱུར་དགོས།འཐབ་ཕྱོགས་གཅིག་གྱུར་ལས་བྱེད་པའི་དཔུང་ཁག་གི་འཇོན་ནུས་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ་སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་གཟབ་ནན་སྤེལ་ཏེ། མྱུར་སྒྲུབ་ལ་བརྩི་མཐོང་དང་དངོས་སྒྲུབ་ལ་ཧུར་བརྩོན། དཀའ་སྒྲུབ་ལ་མི་སྐྲག། ཐབས་སྒྲུབ་ལ་མཁས་པ། ཉམས་སད་ཐེག་ཐུབ་པའི་འཇོན་ཐང་སྦྱོང་བརྡར་དང་།འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ།སྙིང་རུས་གཏན་འཁྱོངས་བཅས་བྱས་ཏེ་དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་བྱས་རྗེས་སྔར་ལས་ཆེ་བ་འབུལ་དགོས། ཚོགས་འདུར་འབྲེལ་ཡོད་ཡིག་ཆ་བརྒྱུད་སྦྱོང་དང་གྲོས་ཞིབ་བྱས་པ་རེད།

འབྲེལ་ཡོད་ཁུལ་མགོ་ཁྲིད་དང་།ཁུལ་ཨུ་འཐབ་ཕྱོགས་གཅིག་གྱུར་ལས་དོན་མགོ་ཁྲིད་ཚོ་ཆུང་དང་ཆོས་ལུགས་ལས་དོན་མགོ་ཁྲིད་ཚོ་ཆུང་གྲུབ་མཁན་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས་ཡོད།།

( ལྷ་འཛོམས་དང་ཀུན་དགས་བསྒྱུར།)