国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཨ་ ཅེ་ གཡུ་ སྒྲོན་ གྱི་

ཚིག་

ཇ་

ཁང་།

ཉིན་དུས་སྲོད་དེར། ནོར་བུ་ངེད་གཉིས་སྔ་གཞུག་བྱས་ཏེ། འབྲི་ཆུའི་གཡས་ཕྱོགས་སུ་ཡོད་པའི་ཨ་ཅེ་གཡུ་སྒྲོན་གྱི་ཚིག་ཇ་ཁང་ཞིག་ཡོད་པའི་ནང་ལ་འགྲུལ་བ་རུ་ཐོན། ནོར་བུས་དང་པོ་ཞབས་ཞུ་བ་ཞེས་པའི་ཐ་སྙད་འདི་བརྗོད་མོད། ཞབས་ཞུ་བ་གཉིས་མཉམ་དུ་ངེད་གཉིས་ཀྱི་སར་ཕེབས་ཏེ། ཚིག་ཇ་ཅི་དགོས་ཞེས་སྨྲས། ནོར་བུ་ངའི་རྒྱབ་བམ་གཞུག་གི་འདུག་སྟེགས་ཤིག་ལ་བཞུགས་ཤིང་། ངས་ཕྱིར་བལྟས་ལན་གཅིག་དང་ནོར་བུའི་མིག་གཉིས་གདོང་གཏུག་བྱུང་། གདོང་གཏུག་བྱུང་བའི་མོད་ལ། ནོར་བུའི་གདོང་ལ་འཛུམ་ཞིག་ལངས་ཤིང་། ངའི་མིག་གི་རྣམ་འགྱུར་ལ་རྒྱང་ནས་ཅོ་འདྲི་བྱས། ཅོ་འདྲི་དེ་བྱུང་བའི་དབང་གིས་ངས་ཚིག་ཇ་ཁང་གི་ཇུས་འགོད་དང་དཔེ་ཆ་དག་ལ་གཟབ་ནན་གྱིས་ཞིབ་ལྟ་སྔོན་ལ་མ་བྱུང་སྟེ། འདུག་སྟེགས་ཀྱི་སྟེང་ནས་ཕྱི་རོལ་གྱི་འདུ་འཛི་རོལ་མྱོང་བྱས། ནོར་བུ། ང་དང་ད་སྔོན་ཞལ་མཇལ་དང་གླེང་མོ་ཚིག་གཅིག་མ་བྱུང་བའི་མི་ཞིག་ཡིན་ཡང་། གློ་བུར་དུ་འབྲི་ཆུའི་ལྕང་མ་བཞད་པའི་གཡས་ཕྱོགས་ནས་ཚིག་ཇ་འཐུང་ཞོར། ནོར་བུའི་ཞལ་འཛུམ་མིག་ལ་ཝ་ལེར་ངོམ་དུས། ངའི་སེམས་ཀྱི་གཏིང་ན་བཞད་པའི་མི་དེའི་བྱད་བཞིན། ནོར་བུ་དང་ཧ་ཅང་མཚུངས་པ་ཨང་། གཏམ་རྒྱུད་དེ་ལོ་བཅུའི་སྔོན། ངའི་སེམས་ཀྱི་གཏིང་ན་བཞད་པའི་མི་དེ་དང་འབྲེལ་བ་ཞིག་ཡིན་ལ། ངའི་སེམས་ཀྱི་གཏིང་ན་བཞད་པའི་མོ་རང་དབུལ་པོ་ཡིན་པའི་མི་ཡིན། ངའི་སེམས་ཀྱི་གཏིང་ན་བཞད་པའི་མི་དེས་རི་ཆུ་གཉིས་དང་རྩྭ་ཐང་ཞིག་ལས་ཅི་ཡང་མ་མཐོང་ཞིང་། དུས་དེབ་དང་རྩོམ་ཡིག་ཞེས་པ་ཤེས་ཀྱང་མི་ཤེས། ཡིན་ནའང་། ང་དང་ངོ་ཤེས་བྱུང་བའི་བརྒྱུད་རིམ་ཁྲོད་དུ། ངའི་སྔས་མགོ་ན་ཡོད་པའི་དཔེ་ཆ་དག་ལ་ལྟ་ཞིང་། དལ་གྱིས་དཔེ་ཀློག་ཤེས་ཤིང་། དཔེ་ཀློག་དག་གིས་སེམས་ལ་འགྱུར་ལྡོག་བྱིན་ཏེ། དུས་དེབ་ཅིག་ལ་རྩོམ་ཞིག་འགོད་པའི་བསམ་པ་སྐྱེས་ཤིང་། ངེད་གཉིས་ཀྱིས་མཉམ་དུ་རྩོམ་ཡིག་བྲིས་ཤིང་རྩོམ་ཡིག་དག་དུས་དེབ་ཀྱི་ཡིག་ཟམ་དག་ལ་བསྐུར་བ་ཡིན། འོན་ཏང་། ངེད་གཉིས་ཀྱི་རྩོམ་ཡིག་གཅིག་ཀྱང་དུས་དེབ་ལ་བཀོད་མ་བྱུང་སྟེ། མོ་ང་དང་ཁ་བྲལ། མོ་ང་དང་ཁ་བྲལ་ཁར། སྙན་ངག་པ་ཞིག་གི་སྙིང་ཉེ་ཡིན་ན། མི་ཚེ་ཅི་འདྲའི་མཛེས་པ། དེའི་ཕྱིར། འུ་གཉིས་སྙན་ངག་པ་ཞིག་ཏུ་མ་གྱུར་ན། ཕན་ཚུན་ངོ་མི་ཤེས། ཞེས་བཤད་པས་ངའི་སེམས་གཏིང་ན་བཞད་པའི་མི་དེས་ངེད་གཉིས་མི་མཛའ་བར་སྙམ། དེའི་ཕྱིར། ངས་མི་ཚེ་ཕྱེད་ཀ་ཞིག་ལ་རྩོམ་ཡིག་བྲིས་ཤིང་། དུས་ད་དུང་། རྩོམ་ཡིག་འབྲི་བ་དང་སྙན་ངག་པ་ཞིག་འགྲུབ་པར་རེ་བཞིན་ཡོད། འདི་དང་དེའང་མོ་ལ་མྱུར་དུ་ཞལ་མཇལ་བྱུང་ན་བསམ་པ་ཡིན་ལ། ད་ཆ་ཞལ་མཇལ་ངང་སྒུག་ལ་མཆིས་པ་འདི་ཡོད་ཚད། སྙན་ངག་པ་ཞེས་པའི་ཕུགས་བསམ་འདིས་ལན་པ་ཡིན། གློ་བུར་དུ་ངའི་འདུག་སྟེགས་ཀྱི་གཞུག་གི་འདུག་སྟེགས་སུ་བཞུགས་པའི་ནོར་བུས་ཚིག་ཇ་འཐུང་ཞོར། རྩིས་འཕྲུལ་གྱི་སྒོ་ཕྱེས་ཏེ། མཛུབ་མོས་མཛུབ་འོག་ན་ཡོད་པའི་ཡིག་འབྲུ་དག་བྱང་ཆ་ལྡན་པའི་ངང་ནས་རྡེབ་ཀྱིན་པའི་སྒྲ་དེ་ཐོས་དུས། ངའི་སེམས་སུ་ནོར་བུའང་ལྷག་པར་ངའི་སེམས་གཏིང་ན་བཞད་པའི་མི་དེ་ཡིན་པའི་སྣང་བ་སྐྱེས། དུས་ཚོད་ཐུང་ངུ་ཞིག་གི་ནང་། ངས་ངའི་གཞུག་གི་འདུག་སྟེགས་སུ་བཞུགས་པ་ལ་ནོར་བུ་ཞེས་འབོད་པ་ལོབས། ང་རང་། ཚིག་ཇ་ཁང་ནང་ནས་བུད་པ་དང་ནོར་བུ་འཚིགས་ཇ་ཁང་ནས་སྒོ་རུ་བུད་པ་མཉམ་འཛོམས་བྱུང་སྟེ། ནོར་བུ་ང་ལ་ཅེར་བཞིན་འཛུམ་པ་འདི་དང་། ནོར་བུ་ང་དང་འཕྲད་པའི་འཛུམ་པ་གཉིས་བྱུང་། ངས་མོ་ལ་ནོར་བུ་ཞེས་ལོབས་པའི་མིང་ནས་བོས། མོ་རང་འཛུམ་མདངས་དང་བཅས་བཞད་དེ། ཅི་ཡང་མི་སྨྲ་བར་རང་གི་ལམ་ལ་ཆས།

འབྲི་ཆུའི་གཡས་ཀྱི་ལྕང་མ་འདི་དག། གཅིག་དང་གཉིས་སུ་ལག་གདང་སྦྲེལ་བ་བཞིན། རིང་དང་རྒྱང་དུ་བཀྲ། ང་རང་། འབྲི་ཆུའི་ཆུ་བརྒྱུད་དེ་ནས་ལྕང་མ་བཞད་པའི་ཁོར་ཡུག་དེ་ལ་ལྟ་ཞོར། ངའི་མིག་སྔུན་དུ་ཡོད་པའི་ཆ་མེད་ཀྱི་མི་མང་ཞིག་ལ་གཅིག་དང་གཉིས་བཅས་འཕྲད། འདི་ནས་གློ་བུར་ཞིག་ལ། ངས་ངའི་སེམས་ཀྱི་གཏིང་ན་བཞད་པའི་མོ་རང་དྲན་བྱུང་། མོ་རང་ང་དང་འདྲིས་ཤིང་འདྲིས་པ་ཟབ་པའི་སྐབས་སུ། ངེད་གཉིས་ལྕང་མ་བཞད་པའི་རང་ཡུལ་གྱི་འབྲོག་ས་རུ་ཆས་ཏེ། འབྲོག་ས་དེའི་ཆུ་འགྲམ་ཞིག་ལ་རས་གུར་ཕུབ་ཅིང་། གླིང་ག་གཏོང་ལ། ཅིས་ཀྱང་འདུ་བྲལ་ཞིག་དང་ཕན་ཚུན་ལ་བརྩེ་བ་མེད་པའི་དུས་ཤིག་མེད་པར་སྙམ། གལ་ཏེ། ལོ་བཅུའི་སྔོན། ངེད་གཉིས་སུ་ལའང་སྙན་དེབ་དང་མཛའ་སེམས་མེད་ན། འབྲི་ཆུའི་ཆུ་བརྒྱུད་དེད་ཞོར། བརྩེ་བ་ཞིག་ལ་གོད་ཆགས་བྱུང་བའི་གཏམ་རྒྱུད་ཅིག་དྲན་མཁན་མེད་སྲིད། ལོ་བཅུའི་ད་ཆ་ང་རང་འབྲི་ཆུའི་རླབས་སྒྲ་ལ་ཉན་པའི་མི་དང་། མཛའ་སེམས་མེད་པའི་ཤན་པ་ཞིག་དང་། བརྩེ་དུང་མེད་པའི་རྩོམ་ཡིག་འབྲི་མཁན་ཞིག་ཡིན། ངས་འདི་ལྟར་རང་ཉིད་མཛའ་སེམས་བྲལ་བ་ཤེས་དུས། ངའི་སྔ་གཞུག་གཉིས་ཀྱི་མི་དག། ང་དང་དུས་ཚོད་རྙིང་བའི་འཇིག་རྟེན་དུ་ཤེས་པའི་ངའི་སེམས་ཀྱི་གཏིང་ན་བཞད་པའི་མོ་དང་ཞལ་མཇལ་བྱུང་མིན་མི་ཤེས་ཀྱང་། ངས་མོ་རང་ཤེས་པའི་མི་ཞིག་ཡོད་ན་སྙམ་ཞིང་། ལོ་ཟླ་གང་མང་རྫོགས་ཚིག་གིས་བསྡུས་པའི་ད་ཆ། མོ་རང་སྙན་ངག་པ་ཞིག་ཏུ་ཆགས་ཡོད་དམ། དེ་མིན་མོ་རང་གི་རྩོམ་ཡིག་གང་མང་ཞིག་དུས་དེབ་དང་སྤྱི་ཚོགས་སུ་བཀྲམ་ཡོད་དམ། ཡང་ན། ད་ཆ་ག་འདྲ་ལགས་སམ། སྐུ་བདེ་ཐུགས་སྐྱིད་ཡིན་ནམ་སྙམ་པའི་དོགས་པ་འདི་དང་དེ་དག་མིན་པའི་སྐད་ཆ་མང་མང་ཞིག་འདྲི་འདོད་བྱུང་། ཡིན་ནའང་། མོ་དང་ཆ་རྒྱུས་ཡོད་པའི་མི་ཞིག་ཡོད་པ་ང་ཁོ་ན་དང་། ང་རང་མོའི་འཇིག་རྟེན་འདིའི་འདྲིས་པ་གཏིང་ཟབ་མྱོང་བའི་མི་ཞིག་ཡོད་པ་དེ་དང་། ང་མིན་སུའང་མོ་དང་འབྲེལ་འདྲིས་མེད་པ་འདྲ། དེའི་ཕྱིར། མོའི་སྐྱེ་འཆི་དང་དར་རྒུད་ཐམས་ཅད་འཇིག་རྟེན་འདི་རུ་ང་མིན་སུ་ལ་ཆ་རྒྱུས་མེད་པ་འདྲ། དེ་ལྟར། ངེད་གཉིས་ཀྱི་གཏམ་རྒྱུད་འདིའི་སྣང་བརྙན་རྟོག་བཏགས་དང་རྨི་རྨིས་ལན་གཅིག་བྱུང་བ་དང་ཀུན་ནས་མཚུངས། ད་ཆ་འབྲི་ཆུའི་ལྕང་མ་བཞད་པའི་ཁོར་ཡུག་འདི་ནས། ངེད་གཉིས་ཀྱི་གཏམ་རྒྱུད་གང་མང་ཞིག་ཡིད་ལ་ཝ་ལེར་དྲན་པའི་མོད་ལ། བརྗོད་འདོད་པའི་སྐད་ཆ་གང་མང་ཞིག དཔྱིད་ཆུའི་ལྦུ་བ་བཞིན་དཀར་ཞིང་རབ་ཏུ་འཕེལ།།

༼ ཆོས་འབྱོར་རྒྱ་མཚོ། ༽