国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






2025ལོར་རང་རྒྱལ་ཚོང་ལས་འཇིག་རྟེན་འཕུར་སྐྱོད་ཀྱི་ཐོན་ལས་ལྟེ་བའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་ལས་བརྒལ་བ།

སྤྱི་ཟླ4ཚེས3ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས2026ལོའི་སའེ་ཏི་གླེང་སྟེགས་ནས་ཤེས་རྟོགས་བྱུང་བར། ཚོད་རྩིས་བརྒྱབ་པར་གཞིགས་ན། 2025ལོར་རང་རྒྱལ་ཚོང་ལས་འཇིག་རྟེན་འཕུར་སྐྱོད་ཀྱི་ཐོན་ལས་ལྟེ་བའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི1.01བར་འཕར་ནས་དུས་མཚུངས་ལས་བརྒྱ་ཆ7འཕར་ཡོད། 2025ལོའི་ལོ་མཇུག་བར། རང་རྒྱལ་ཚོང་ལས་འཇིག་རྟེན་འཕུར་སྐྱོད་ཀྱི་ཁེ་ལས600ལྷག་ལ་ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ20ཡན་འཕར་ཡོད།

ཚོང་ལས་འཕེན་གཏོང་དང་འཁོར་ལམ་དུ་ཞུགས་པའི་ཚོང་ལས་སྲུང་སྐར་གྱི་གྲངས་འབོར་མགྱོགས་མྱུར་འཕར་ཞིང་། 2025ལོར་རང་རྒྱལ་གྱིས་ཚོང་ལས་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ཐེངས50བྱས་པ་དེས་རང་རྒྱལ་གྱི་འཕེན་གཏོང་བསྡོམས་འབོར་གྱི་བརྒྱ་ཆ54བཟུང་ཡོད། འཁོར་ལམ་དུ་ཞུགས་པའི་ཚོང་ལས་སྲུང་སྐར311ལ་ཟིན་པ་དེས་རང་རྒྱལ་གྱི་འཁོར་ལམ་དུ་ཞུགས་པའི་སྲུང་སྐར་བསྡོམས་འབོར་གྱི་བརྒྱ་ཆ84བཟུང་ཡོད།།

(མི་དམངས་ཉིན་རེའི་ཚགས་པར་ཁང་ནས་དྲངས།)