国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་དབང་པོ་སྐྱོན་ཅན་གྱི་ཕྱོགས་བསྡུས་ ཞབས་ཞུའི་ལྟེ་གནས་སྤྱོད་འགོ་བཙུགས།

སྤྱི་ཟླ3པའི་ཚེས27ཉིན། 2026ལོའི་ལོ་འཁོར་གྱི་ཁུལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ལས་དོན་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ཚོགས་འདུའི་ཡུལ་དངོས་སུ་དཀར་མཛེས་ཁུལ་གྱི་དབང་པོ་སྐྱོན་ཅན་མི་སྣར་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་སྤྱོད་འགོ་བཙུགས་པ་ཁྱབ་བསྒྲགས་བྱས་པ་དང་།ཁུལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ཞབས་ཞུ་ལས་དོན་དུས་རིམ་གསར་པ་ཞིག་ཏུ་སླེབས་པ་རེད།

དཀར་མཛེས་ཁུལ་དབང་པོ་སྐྱོན་ཅན་མི་སྣར་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་དེ་དར་མདོའི་མཛའ་གཞས་ཤར་ལམ་གྱི་ཨང179པར་གནས་པ་དང་ཁྱོན་བསྡོམས་ཁང་པ་ཐོག5ཡོད། སྤྱིའི་ཞབས་ཞུའི་རྒྱ་ཁྱོན་སྨི་ངོས་གྲུ4130ཡོད་པ་དང་།དེ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་ཁུལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱིས་གཙོ་གནད་ཐོག་བསྐྲུན་པའི་ཕྱོགས་བསྡུས་ཞབས་ཞུའི་སྟེགས་བུ་ཞིག་ཡིན་པས། དེར“དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་ཁྱིམ་གསར”ཞེས་བརྗོད་ཀྱི་ཡོད། འདི་གར་གཞོགས་འདེགས་ཡོ་བྱད་འོས་འཚམ་བཀོད་སྒྲིག་དང་།ལུས་གསོའི་སྦྱོང་བརྡར།ལས་རིགས་གསོ་སྦྱོང་།ལས་ཞུགས་ཞབས་ཞུ། ཁྲིམས་ལུགས་ཁྱབ་གདལ་དང་ཁེ་དབང་སྲུང་སྐྱོང་བཅས་དང་། ཆེད་དོན་མཐུན་ཚོགས་ཀྱི་བྱེད་སྒོ་སོགས་མང་པོ་ཡོད་པ་དང་།དུས་མཚུངས་སུ་དབང་པོ་སྐྱོན་ཅན་མི་སྣ་བརྒྱ་ལྷག་ཤོང་བའི་བྱེད་སྒོ་སྤེལ་ཆོག་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འདས་ཟིན་པའི་ལོ་ལྔའི་རིང་རང་ཁུལ་གྱིས་དབང་པོ་སྐྱོན་ཅན་མི་སྣའི་སྲིད་ཇུས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས། འཚོ་བའི་ཁ་གསབ་ནས་སློབ་གསོའི་རོགས་སྐྱོར་བར་དང་། ལུས་གསོའི་རོགས་སྐྱོབ་ནས་ལས་ཞུགས་རོགས་སྐྱོར་བར་དམངས་འཚོ་འགན་ལེན་ཇེ་ཡག་དུ་ཕྱིན་ལ། ད་ཆ་དཀར་མཛེས་ཁུལ་དབང་པོ་སྐྱོན་ཅན་མི་སྣའི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་སྤྱོད་འགོ་བཙུགས་པ་དེས་མ་གཞི་ཁ་ཐོར་དུ་གནས་པའི་ཞབས་ཞུའི་ནུས་པ་གཅིག་སྡུད་བྱས་ནས་ཞབས་ཞུའི་ལས་ཕྱོད་དང་མྱོང་ཚོར་ཆེ་རུ་ཕྱིན་ཡོད་པ་རེད།

དཀར་མཛེས་ཁུལ་དབང་པོ་སྐྱོན་ཅན་མི་སྣར་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་སྤྱོད་འགོ་བཙུགས་པ་དེས་དམིགས་བསལ་ཚོགས་སྤྱི་དེ་བས་མང་བར“སྤྱི་ཚོགས་སུ་ཞུགས་པ་དང་མཛེས་སྡུག་མཉམ་སྤྱོད”ཀྱི་དྲོར་སྐྱིད་ལམ་བུ་གཏོད་རྒྱུ་རེད། ཕྱིན་ཆད། ལྟེ་གནས་ཀྱིས་མུ་མཐུད་ཐོན་ཁུངས་བསྡུ་སྒྲིལ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་དབང་པོ་སྐྱོན་ཅན་ཚོས་སྤྱི་ཚོགས་སུ་ཞུགས་ཏེ་མཉམ་དུ་མཛེས་སྡུག་གི་འཚོ་སྐྱོང་པར་དེ་བས་སྲ་ཞིང་བརྟན་པའི་འདེགས་སྐྱོར་བྱ་རྒྱུ་རེད།།

( བདེ་སྐྱིད་ཀྱིས་བསྒྱུར། )