■ སྤྱི་ཟླ4པའི་ཚེས2ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ལས་ཚབ་ཁུལ་དཔོན། ཏང་ཚན་ཁག་གི་ཧྲུའུ་ཅི་དབྱང་ཧུང་ཧྲོའུ་ཡིས་ཁུལ་སྲིད་གཞུང་གི་ཏང་ཚན་ཁག་གི2026ལོའི་ཚོགས་འདུ་ཐེངས5པ་གཙོ་སྐྱོང་གནང་ནས་འཚོགས་ཤིང་། ཉེ་དུས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིནབསྟར་བ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་ཚོགས་འདུའི་སྙིང་དོན་དོན་འཁྱོལ་ནན་ཏན་བྱས་ཏེ་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།།
■ འགོ་ཁྲིད་ལས་བྱེད་པས་ལས་གཞི་གལ་ཆེན་དང་འབྲེལ་བ་བྱ་རྒྱུའི་སྐོར་གྱི་ཁུལ་ཨུའི་བཀོད་སྒྲིག་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་དང་འཐུས་མིའི་ལས་དོན་བཀོད་སྒྲིག་བསྟར། སྤྱི་ཟླ4པའི་ཚེས3ཉིན། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཚན་ཁག་གི་ཧྲུའུ་ཅི། ཀྲུའུ་རེན་ཧྲུའུ་ཏ་ཁྲུན་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་གཉའ་རྒྱལ་མཚན་དང་།ཞིང་ཆེན་དང་ཁུལ།རྫོང(གྲོང་ཁྱེར)ཡུལ་ཤོག(གྲོང་རྡལ)བཅས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་།ཁུལ་དང་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་པས་སྒྲིག་འཛུགས་བྱས་པའི་ལས་སྒྲུབ་ཚོ་ཆུང་གི་སྣེ་ཁྲིད་དེG4218ལམ་ཐིག་གི་དར་མདོ་ནས་ར་རྔ་ཁའི་མྱུར་བགྲོད་གཞུང་ལམ་ལས་གཞི་འཛུགས་སྐྲུན་བྱས་ཚུལ་ལ་བརྟག་ཞིབ་བྱས་པ་དང་།བཞུགས་མོལ་ཚོགས་འདུ་འཚོགས་ནས་ཕྱོགས་ཁག་གི་ལས་དོན་སྙན་སེང་དང་བསམ་འཆར། གྲོས་འགོ་བཅས་ལ་ཉན་འཇོག་དང་ཡུལ་དངོས་སུ་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་སྒྲུབ་གཉེར་བྱས་པ་རེད།།
■ སྤྱི་ཟླ4པའི་ཚེས3ཉིན། སྐབས་བཅུ་བཞི་པའི་ཁུལ་སྲིད་གྲོས་ཏང་ཚན་ཁག་གི་ཚོགས་འདུ་ཐེངས34པ་དང་ཀྲུའུ་ཞིའི་ཚོགས་འདུ་ཐེངས36པ་དར་མདོར་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི། ཏང་ཚན་ཁག་གི་ཧྲུའུ་ཅི་ཝང་ཡུས་ཆུང་གིས་ཚོགས་འདུ་གཙོ་སྐྱོང་བྱས་པར་མ་ཟད་གཏམ་བཤད་བྱས་པ་རེད། ཁོས་ཁུལ་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་ཀྱིས་དུས་བབ་ཁོང་དུ་ཡང་དག་ཆུད་པ་དང་ཁྱོན་ཡོངས་ལ་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱས་ཏེ། འགན་འཁྲི་སྒྲུབ་རིང་ནུས་ཤུགས་འདོན་བཞིན་ལས་དོན་ཁག་ཏན་ཏིག་སྒྲུབ་པ་དང་འགན་འཁྲི་སྒྲུབ་པའི་གྲུབ་འབྲས་ཡག་པོ་སྤྲད་དེ། ཚད་གཞི་དེ་བས་མཐོ་བ་དང་སྤྱོད་ཚུལ་དེ་བས་ཏན་ཏིག་གི་ཐོག་ནས་ལས་དོན་ཁག་གི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བར་བསྐུལ་དགོས་ཞེས་ནན་བཤད་བྱས།།
( བདེ་སྐྱིད་ཀྱིས་བསྒྱུར། )
